| | e-texts navigator
|
25a1 ཤིང་འབར་བས་འཁྲུགས་པ་ཐམས་ཅད་རབ་ཏུ་འབར་བའི་འོད་ཀྱི་ཚོགས་ཅན་ཕྱག་བཞི་པ། ཕྱག་གཡས་པར་འོད་ཟེར་ཆེན་པོའི་དཀྱིལ་འཁོར་ཅན་གྱི་རྡོ་རྗེ་རྩེ་གསུམ་པའོ།། གཞན་པར་ཆུ་སྲིན་གྱི་གདོང་གི་རྣམ་པའི
25a2 ལྕགས་ཀྱུའི་སོར་མོས་མེ་ཏོག་གི་སྡོང་བུ་ལྟར་འགུགས་པའོ། ། གཡོན་པར་ལྟོས་འཕྱེ་ཆེན་པོ་བསྒྱེལ་བའི་ཞགས་པའོ།། གཉིས་པའི་འོག་ཏུ་སོན་པར་བགེགས་རྣམས་དང་། ལྷ་མ་ཡིད་རྣམས་དང་། ཀླུ་དང་གནོད་སྦྱིན་ལ་སོགས་པ
25a3 རྣམས་ལ་བསྡིགས་པའོ། ། འོག་ཏུ་རྒྱ་མཚོ་ཆེན་པོ་བྲི་བར་བྱའོ།། དེའི་དབུས་སུ་རི་བི་ཆེན་པོའི་སྟེང་དུ་པདམ་ཆེན་པོ་ལ་བཞུགས་པ་ནི་བཅོམ་ལྡན་འདས་སོ།། རྒྱ་མཚོ་ཆེན་པོ་དེའི་ནང་དུ་ལུས་ཕྱེད་ནུབ་པའི་འོག་ཏུ་ལྟ་བའི་ལྷ་མ་ཡིན་ཆེན
25a4 པོ་བརྒྱད་བྲི་བར་བྱའོ། ། བཅོམ་ལྡན་འདས་ཀྱི་སྟེང་དུ་འོད་ཀྱི་དཀྱིལ་འཁོར་གྱི་དྲུང་དུ་པད་མའི་གདན་ལ་བཞུགས་པ་དང་། ཁྲོ་བའི་གདན་ལ་བཞུགས་པ་སྟེང་དུ་ཕྱག་བརྒྱང་ནས་ཁྲོ་བོ་ཆེན་པོ་དབུགས་འབྱིན་པར་མཛད་པ་དེ་བཞིན
25a5 གཤེགས་པའི་སྐུ་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་དག་བྲི་བར་བྱའོ། ། དེ་ལྟ་བུའི་བྲིས་སྐུ་ཡོངས་སུ་རྫོགས་པ་དང་། རིག་པ་འཛིན་པ་གཅིག་པུས་མི་སྨྲ་བ་འམ་གྲོགས་བཟང་པོ་དང་བཅས་ཏེ། རི་བོ་འམ་སྒྲ་མེད་པའི་ཕུག་རྙེད་པ
25a6 འམ། ཤང་གཅིག་པའི་གནས་ཇི་ལྟར་རྙེད་པར་ལོ་མ་དང་། འབྲས་བུ་དང་འོ་མ་དང་སློང་བ་ཟ་ཞིང་སྡིག་པ་བཤགས་ལ་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་ཆོས་ལ་དགའ་བས་བྲིས་སྐུ་རབ་ཏུ་གནས་པ་བྱ་སྟེ་འབུམ་ཕྲག་བཅུ་བཟླའོ།
25a7 ཆོ་ག་འདིས་ཧཱུཾ་ཞེས་བརྗོད་པས་རི་རབ་ཀྱང་ཕྱེ་མར་རློག་ཅིང་རྒྱ་མཚོ་ཡང་སྐེམས་སོ།། ལྷའི་གནས་རྣམས་ལྟུང་བར་བྱེད་དོ།། དེ་ལྟ་བུས་སྔོན་དུ་བསྙེན་པ་བྱས་ཏེ། དཔལ་གྱི་སྒོའི་སྒོར་བྲིས་སྐུ་བཞག་ལ་སྟོང་ཕྲག་ཅུ་བཟླའོ།། གང་དེའི་ཉེ་བར
25a8 གནས་པ་རྣམས་དེར་འོང་ངོ་། ། ཐམས་ཅད་ལ་བཀའ་སྒོ་བར་བྱའོ།། དངུལ་ཆུ་དང་བཅུད་ལེན་དང་མིག་སྨན་དང་གྲུབ་པའི་རྫས་ལ་སོགས་པ་སྟེར་རོ།། སྒོ་འབྱེད་པར་འགྱུར་རོ།། སྦྱིན་ཐམས་ཅད་ཀྱིས་གོས་པར་མི་འགྱུར་རོ།། སྒྲ་མེད་པར
iiif viewer powered by OpenSeadragon
24b - 25b