| | e-texts navigator
|
23b1 པར་བྱའོ། ། ལྷ་མ་ཡིན་གྱི་བུ་མོ་བསྐྱོད་པར་འགྱུར་རོ།། ནད་མི་བཟད་པས་བཟུང་ནས་སྟོང་ཕྲག་བརྒྱ་པ་ཡོངས་སུ་རྫོགས་པར་འོང་བར་འགྱུར་ངོ་།། གལ་ཏེ་མི་འོད་ན་དུག་དང་བསྲེས་པ་ལ་ཡུངས་དཀར་སྐྱ་བོས་སྦྱར་བའི་བསྲེག་བླུགས་སྟོང་ཕྲག
23b2 བརྒྱད་སེང་ལྡེང་གི་སོལ་བ་ལ་བྱའོ། ། འོང་བར་འགྱུར་རོ།། གལ་ཏེ་མི་འོང་ན་ཀ་ར་བི་རིའི་མེ་ཏོག་དམར་པོས་བསྲེག་བླུགས་སྟོང་ཕྲག་བརྒྱད་བྱའོ།། དེ་ནས་རྡོ་རྗེ་ལ་བསྣུན་པས་ཅི་ནས་ཀྱང་འོང་བར་འགྱུར་རོ།། དེ་ནས་སྐྱེས་བུ་དཔའ་བོའི་ལག
23b3 པ་ནས་བཟུང་ནས་འཇུག་པར་བྱེད་དོ། ། རྡོ་རྗེ་ལག་པར་བཅངས་ལ་འཇུག་པར་བྱའོ།། ཡང་ན་རྡོ་རྗེས་བསྣུན་པའི་ཤིང་ལ་འཁོར་ལོ་བྱས་ལ་དུར་ཁྲོད་དུ་ནིམ་པའི་སོལ་བ་ལ་ཚ་བའི་མར་ཁུ་བ་དང་བསྲེས་ཏེ། སྭཱ་ཧཱའི་ཡི་གེ་དང་ལྡན་པས་སྟོང
23b4 ཕྲག་བརྒྱད་བསྲེག་བླུགས་བྱའོ། ། དེ་ཉིད་དུ་འགྲུབ་པར་འགྱུར་རོ།། དུག་དང་ཁྲག་དང་ཡུངས་དཀར་སྐྱ་བོ་བསྲེས་ཏེ། སྟོང་ཕྲག་བརྒྱད་བསྲེག་བླུགས་བྱས་པས་བུ་གའི་སྒོ་འབྱེ་བར་འགྱུར་རོ།། དེ་ནས་བུ་གའི་སྒོར་བ་གླང་གི་ལྕི་བས་དཀྱིལ
23b5 འཁོར་ཉེ་བར་བྱུགས་ལ། སྟེང་དུ་དྲིས་བྱུགས་ཏེ། དེ་ནས་རྡོ་རྗེ་དེས་དེའི་སྟེང་དུ་རྡོ་རྗེ་བྲི་བར་བྱའོ།། དེ་ནས་རྡོ་རྗེ་དེ་ལག་པ་གཡས་པར་བཟུང་ལ་ཡུངས་དཀར་ལ་ཅུང་ཟད་ཅིག་བསྔགས་ཏེ་སྟོང་ཕྲག་བརྒྱད་བསྲེག་བླུགས་བྱའོ།། ཅི་བདེ་བར་རྫས
23b6 བཟུང་ནས་འོང་བར་འགྱུར་རོ། ། དེ་བཟུང་བ་བྱའོ་གལ་ཏེ་མི་འདོད་ན་དེ་རྣམས་དང་ལྷན་ཅིག་ཏུ་འཇུག་པར་བྱའོ།། ཡང་ན་གཏེར་འདོན་པར་འདོད་པས་ལྕགས་ལས་བྱས་པའི་ཕུར་བུ་བཞི་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཕྱོགས་བཞིར
23b7 བཏབ་ལ་གསང་སྔགས་བཟླས་པར་བྱའོ། ། དེ་ནས་དེར་གཏེར་འབྱུང་བར་འགྱུར་རོ།། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།། ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཏཱ་ཡ་ཀྵ་སེ་ན་པ་ཏ་ཡེ། ཨོཾ་བཛྲེ་བཛྲི་ནི།
23b8 བཛྲོད་ཏ་རེ། བཛྲ་བི་ཛ་ཡེ། བིཛཱི་བ་ར་ཛཱི་ཏི། བཛྲ་པཱ་ཏཱ་མི་ཎི་ཧཱུཾ་ཕཊ་ཧཱུཾ་ཕཊ་སྭཱ་ཧཱ།། རྡོ་རྗེས་བསྣན་པའི་ཤིང་ལ་སོར་བརྒྱད་པའི་རྡོ་རྗེ་རྩེ་གཅིག་པ་བྱས་ཏེ། ཙན་དན་དམར་པོ་ལས་བྱས་པའི་རྡོ་རྗེའི་རྣམ་པ་སོར་བཅུ་དྲུག་པའི་བསྟན་བྱས་ལ་དེའི་སྟེང
iiif viewer powered by OpenSeadragon
23a - 24a