| | e-texts navigator
|
90b1 ཤེས་པར་བྱས་ན། དེ་ཁོ་ན་བཞིན་དུགས་ནས་ལུས་ཀྱང་སྟོན་ཅིང་ལེགས་སོ་ཞེས་བྱ་བ་ཡང་བྱིན་ནས་མི་སྣང་བར་འགྱུར་རོ།། མཚམས་མེད་པ་ལྔ་བྱེད་བྱེད་པའམ། དམ་པའི་ཆོས་སྤོང་བ་ལ
90b2 འཕགས་པ་ལ་བསྐུར་བ་བཏབ་པ་ཡང་རུང་སྟེ་འང་ཀར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོ་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི
90b3 དེ་བབར་གཤེགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར་རོ། ། འཕགས་པ་ལས་ཀྱི་སྒྲུབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས
90b4 རྒྱ་ག་སྐད་དུ། ཨཱརྱ་བདྱ་ཨུ་ཏམ་མ་ཧཱཏད་ཏྲ། བོད་སྐད་དུ། འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་གང་བདག་གིས
90b5 ཟོས་པ་དུས་གཅིག་ན། ། བཅོམ་ལྡན་འདས་མཉར་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ
90b6 རིག་པ་བྱེ་བ་ཕྲག་དུ་མས་བསྐོར་ནས། བཅོམ་ལྡན་འདས་ག་ལ་བདེར་སོང་སྟེ་བྱིན་ནས་བར་སྣང་ལས་བེབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ
90b7 བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱག་ཀྱང་རིག་པ་ཟེ་བ་དུ་མས་ཡོངས་སུ་བསྐོར་ནས་འཁོར་དེ་ཉིད་དུ་འདུས་ཏེ། བཅོམ་ལྡན་འདས་ཀྱི
90b8 ཞབས་ལ་མག་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བཾསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདག་གོ། ། དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་འབྱུང་པོ་བྱེ་བ་ཕྲག་དུ་མས་བསྐོར་ནས
iiif viewer powered by OpenSeadragon
90a - 91a