e-texts navigator
Collection
Volume
Page
Wylie

89a1 འཚལ་ལོ། ། ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། དཔལ་ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་གྱི་འཇིག་རྟེན་ན་བཞུགས་ཏེ། དེ་ལས་བྱང་ཆུབ་སེམས
89a2 དཔའ་སེམས་དཔའ་ཆེན་པོ་སྤྱན་ངས་གཟིགས། དབང་ཕྱུག་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བྱང
89a3 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ལྷ་མོ་ཆེན་མོ་ཡང་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་དྲུང་དུ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག
89a4 གོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ལ་གཟིགས་ནས་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྤྱན་རས་གཟིགས་དབང་ཕྱུག་དགེ་སློངང་པ། དག
89a5 སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། སེམས་ཅན་གང་སུ་ཡང་རུང་བས་དཔལ་ཆེན་མོ་འདིའི་མིང་བཅུ་གཉིས་ཤེས་ཏེ་འཆང་བ་དང་། ཀློག་པ་དང་། སྒྲུབ་པར་བྱེད་པ་དང་། བརྗོད་པར་ཡང་བྱེད་ན་དབུལ
89a6 པོ་སྤངས་ནས་ཕྱུག་པོ་ཆེན་པོར་འགྱུར་རོ། ། དེ་ནས་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ།། དཔལ་ལྷ་མོ་ཆེན་མོའི་མང་བཅུ་གཉིས་ནི་འདི་ལྟ་སྟེ། བཀྲ་ཤིས་མ། དཔལ་ལྡན་མ།
89a7 པད་མའི་ཕྲེང་ཐོགས་པ། ནོར་བདག་མ། དཀར་ཤམ་མ། གྲགས་ཆེན་མ། པད་མ་སྤྱན་མངའ་མ། གྲགས་མ། འོད་ཆེན་མ། ཟས་སྦྱིན་མ།། རིན་ཆེན་འོད་ལྡན་མ། དཔལ་ཆེན་མོམ།། སངས་རྒྱས་ཐམས་ཅད་ལ
89a8 ཕྱག་འཚལ་ལོ། ། སྥ་ར་རས་གཟིགས་དབང་ཕྲག་ལ་ཕྱག་འཚལ་ལོ།། དཔལ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ཛི་ནི། གྷི་ཎ~ཾ། དགོས་པ་ཐམས་ཅད་སྒྲུབ་པར་མཛད་པ། ས་མི་སི་མཾ། ནི་མ་ནི་མི། བདག




iiif viewer powered by OpenSeadragon

88b - 89b

Texts on this page

Q400 - dpal gyi lha mo mtshan bcu gnyis pa