e-texts navigator
Collection
Volume
Page
Wylie

88a1 པའང་དག་དང་། དབཞིན་གཤེགས་པའ་མཚན་འདི་དག་འཆང་བ་དང་། ཀློག་པར་བྱེད་པ་དེས་ན་པར་ལངས་ཏགཅང་བར་བྱས་ལཡ་རྒྱས་ཐམས་ས་པས་ཏོག་དང་བདུག་པ་གསོལ་ན།། ལྷ་མཚན་པོ་དཔ་ལ
88a2 ཡང་ཙན་དན་གྱི་བདུག་པ་ཕུལ་ཏེ་བླགས་ན་ངེས་དཔལ་ཐམས་ཅད་མཐོང་བར་འགྱུར། བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར། ལྷ་ཐམས་ཅད་བསྲུང་བ་དང་། བསྒྲུབ་པ་དང་། སྦེད་པར་བྱེད་པར་འགྱུར།
88a3 དེའི་དགོས་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ལྷ་མོ་ཆེན་མོ་དཔལ་དེ་དག
88a4 ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ལྷ་མོ་ཆེན་མོ
88a5 དཔལ་ལུང་བསྟན་པ་རྫོགས་སྷོ། ། །། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ཤཱ་ཡ་སཱུ་ཏྲཾ།། བོད་སྐད་དུ། འཕགས་པ་དཔལ་ཆེན་མོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི
88a6 སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ནི་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ
88a7 དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཕྱོགས་གཅིག་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ལ
88a8 གཟིགས་ནས་འཕགས་པ་མན་ས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དཔལ་ཆེན་པོའི་མཚན་བཅུ་གཉིས་པོ་འདི་དགེ་སློང། དགེ་སློང་མ་འམ། དགེ་བསྙེན་ནམ།། དགེ་བསྙེན་མ་འམ། དེ་མ་ཡིན




iiif viewer powered by OpenSeadragon

87b - 88b

Texts on this page

Q398 - 'phags ma lha mo chen mo dpal lung bstan pa
Q399 - 'phags pa dpal chen mo'i mdo