e-texts navigator
Collection
Volume
Page
Wylie

81a1 དེ་ཤེསྣད། ཤི་དང་བཟབ་པའི་སེང་པོ་འདི་ལ་འབད།། མེ་ཏོག་སད་ཀྱིས་ཁྱེར་བའི་འབྲས་བུ་ལ།། སོན་མ་བྱས་ཀྱང་མྱུ་གུ་འི་སྐྱེ་ལྟང་ཉཔས་ཐེ་ཙོམ་ཟོས་པའི་གང་ཟ
81a2 ཤིན་ཏུ་ཟབ་པའི་རིག་སྔགས་བསླབས་ཀྱུར་ཀྱང་། ། བྱིན་རླབས་འབྱུང་ངོ་སྙམ་ཡང་འབྱུང་མི་སྲིད།། རྩོལ་བ་དེ་དག་རལ་བ་དོན་མེད་འགྱུར།། རིག་སྔགས་དེ་ཡང་སྐྱེ་བོའི་ཚིག་དང་མཚུངས།། ཏིང་འཛིན་རྣམས
81a3 ཀྱང་བྱིས་པའི་བསཔ་པ་འདྲ། ། སྐྱོན་མེད་སྐྱེས་བུས་རིག་སྔགས་དེ་བསྒྲུབས་ན།། ཇི་ལྟར་འདོད་པ་བཞིན་དུ་མྱུར་དུ་འགྲུབ།། དཔེར་ན་ནྱ་གྲོ་དྷའི་ས་བོན་ནི།། ཤིན་དུ་པྲ་ཡང་ཆུ་ལུང་ལེགས་བྲན་ན།། དགུང
81a4 བདུན་ན་དཔག་ཚད་ཙམ་དུ་སྱེ། ། སེམས་པོ་ཕྱིའི་འགྱུར་ཡང་དེ་འདྲན།། རིག་པས་རིག་པ་བསྒྲུབ་པ་ལ་ཅི་སྨོས།། འོད་གསལ་ནང་གི་འགྱུར་ལ་དཔག་ཏུ་མེད།། ཚོད་དཔོན་ལམ་ལ་མཁས་པ་དག་ལ་རྟེན།
81a5 གས་ལེགས་པས་རྒྱ་མཚོར་ཞུགས་གྱུར་ན།། རིན་ཆེན་འདོད་པ་བཞིན་དུ་རྙེད་གྱུར་ནས།། རང་གི་གནས་སུ་ལེགས་པར་ཕྱིན་པ་ཡིན།། བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་རྟེན།། བྱང་ཆུབ
81a6 སེམས་ལྡན་དགེ་བ་སྤྱང་གུར་། ། ཡང་དག་རྫོགས་ཀྱི་ལ་པ་ལ་ཞུགས་འགྱུར་ཏོ།། ངེས་པར་མཁྱེན་ཉིད་ས་ལ་འགྲོ་བར་འགྱུར།། མངའ་ཉིད་སྐྱེས་བུའི་འཐེབ་ནས་ཤོར་གྱུར་ན།། མི་འཕང་སྙམ་ཡང
81a7 ཤིན་དུ་འཕངས་པར་འགྱུར། ། ཆོས་ཉིད་དོན་ཀུན་ཆུབ་པའི་གང་ཟག་ནི།། མི་ཕྱིན་སྙམ་ཡང་ཕ་རོལ་ཕྱིན་པར་འགྱུར།། བྱ་ཆའི་རྣམ་པ་རང་བཞིན་རྫོགས་གྱུར་ནས།། སངས་རྒྱས་འབྲས་བུ་འཐོབ
81a8 ཡང་ཐེ་ཙོམ་མེད། ། ཆོས་ཉིད་པར་དག་པ་དེ་རྟོགས་ན།། བདག་མེར་སྲོག་མེད་སྲོག་ཀྱང་གཅད་དུ་མེད།། ལས་མེད་དེའི་རྣམ་པར་སྨིན་པ་མེད།། མཐའ་རྣམས་རབ་སྤངས་སྐྱེས་བུ་རྣམ་པ་གྲོལ།།




iiif viewer powered by OpenSeadragon

80b - 81b

Texts on this page

Q395 - 'phags ma sgrol ma 'jig pa brgyad las skyob pa'i mdo