e-texts navigator
Collection
Volume
Page
Wylie

68b1 ས་ཧལ་དང་ཟུང་རྒྱན་དང་རིན་པོ་ཆེའི་ཚུད་འཔྱད་ལ་སོགས་པས་མཛེས་པར་རྒྱན་པ་པོ་ཉ་ཙ་ལི་ཀའི་གོས་ཀྱིས་སྐད་བཀྲིས་པ་ཀ་ཤི་ཀའི་གོར་ཀྱིས་སྟོང་གཡོགས་བྱས་པ་ཞབས་བརྐྱང་བསྐུབ་དུ་བཞུགས
68b2 ཞལ་གཅིག་ཕྱག་གཉིས་པ་མཆེ་བ་བཟླ་བ་ཕྱེད་པ་ལྟ་བུ་གཙིགས་པ་ཞལ་ཁྲོ་གཉེར་ཧཱུ~ཾ་སྒྲ་དང་བཅས་པ་དབུ་སྐྲ་དམར་སེར་གྱེན་དུ་ཕྱོགས་པ་དབུ་ལ་ཟླ་བའི་སྟེང་ན་ཨ་མི་དེ་བ་བཞུགས་པ། བསྐལ་མེ་མ་པ
68b3 ད་ཨང་བཅས་པའི་འོད་ལས་འཇིགས་པ་བརྒྱད་ལ་བསྲུང་བའི་ལྷ་མོ་བརྒྱད་འཕྲོ་བ་ཕྱག་གཡས་ན་གྲི་གུག་འཛིན་ཅིང་གཡོན་པ་སྡོང་བུ་དང་བཅས་པའི་ཨུད་པ་ལའི་སྟེང་ན་མེ་ཏོག་གིས་བཀང་བའི་བྲ
68b4 པ་ཅན་འཛིན་པ་ཁྲོ་བོའི་ཚོགས་དང་བཅས་པ་བསྒོམ་པར་བྱའོ། ། སྔགས་ནི་འདི་བཟླས་པར་བྱའོ།། ཨོཾ་ཏཱ་རེ་ཏུ་རེ་ཏུད་ཏཱ་རེ་སྭཱཧཱ། ཞེས་བཟླས་པར་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལ་ན་གཅིག་ག
68b5 ནམ་ཉི་ཤུ་རྩ་གཅིག་གམ། པརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ།། འཇམ་དཔལ་འདིའི་ཕན་ཡོན་ནི་ཕྲིན་ལས་བཞི་འགྲུབ་པར་འགྱུར་རོ།། འཇིགས་པ་ལས་བསྲང་པར་འགྱུར་རོ།
68b6 སྣ་ཚོགས་ཀྱི་ལེའུ་ས་བཅུ་གཅིག་པའོ།། དེ་ནས་ཡང་བཅོམ་ལྡན་འདས་ལ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་དེ་རིགས་ལྔའི་བདག་ཉིད་ཀྱི་ཡུམ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀ
68b7 དཔལ་རྡོ་རྗེ་རིགས་ཀྱི་མ་དེ་ཞལ་བ་བྱག་རྒྱད་གདུང་གི་མདོག་ཅན་གཞོན་དུ་ལང་ཚོལ་བབ་པ། ཞལ་དཀར་བ་དང་གདག་པ་དང་དམར་བ་དང་སེར་པོའི་ཞལ་བཞིའོ།། རིགས་ལུས་དབུཔ
68b8 བ་དང་ཐའ་མ་ག་ཕྱི་ཕྱག་རྒྱའོ། ། ཨུད་དཔལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་སྡིག་འཛུབ་ནི་གཡོན་པའི་ཕྱག་རྒྱའོ།། རྡོན་དཀྱིལ




iiif viewer powered by OpenSeadragon

68a - 69a

Texts on this page

Q390 - de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud