e-texts navigator
Collection
Volume
Page
Wylie

63b1 རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ་གཞོན་ནུ་ལང་ཚོལ་བབ་པཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་སྐཾ་དུ་ཟླ་བ་དང་པད་མའི་སྟེང་དུ་བཞུགས་པའོ། ། ལྷོའི་སྒོར་པད་མ་དང་ཟླ་བའི་སྟེང་དུ་རེ་ལས་བྱུང་བའི
63b2 ཨུ་ད་པ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ
63b3 བུར་མཐོང་ངོ་། ། དེ་ཡིས་སུ་ལ་ལས་བྱུང་བའི་སྒྲོལ་མ་ཞགས་པ་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ་ཞགས་པ་འཛིན་པ་ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྟན་ན་དང་། དཔུང་རྒྱན་དང་རྒྱན་རྣམ་པ་སྔ
63b4 ཚོགས་པས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་བཅུང་ཞིང་ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པད་མིའི་སྟེང་ན་བཞུགས་པའོ། ། ནུབ་ཀྱི་སྒོར་ཟླ་བ་དང་པད་མའི་སྟེང་དུ་ཏུ་ལས་སྐྱེས་པའི་ཨུ
63b5 པ་ཨ་ལ་ས་བོན་དང་བཅས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མ
63b6 ད་ཨེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་ལྕགས་སྒྲོག་མ་སྐུ་མདོག་དམར་མོ་ཕྱག་གཉིས་ལྕགས་སྒྲོག་འཛིན་པ་ཁྲོས་པའི་སྐུང་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་དཔུང་རྒྱན་དང་རྒྱན་རྣམ་པ་སྣ་ཚོགས་པས
63b7 བརྒྱན་པ་གཞོན་ནུ་ལང་ཚོལ་བབ་པ་ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པད་མའི་གདན་ལ་བཞུགས་པའོ། ། བྱང་གི་སྒོར་ཟླ་བ་དང་པད་མིའི་སྟེང་དུ་རཾ་ལས་བྱུང་བའི་ཨུད་པ་ལ་ས་བོན
63b8 དང་བཅས་པས་དཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོང་འདོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྲ་མ་དང་འཇའ་ཚོན་དང་སྨིག་རྒྱུ་དང་རྡུ་ཟླ་དང་གཟུགས་བརྙན་ལྟ་བུར




iiif viewer powered by OpenSeadragon

63a - 64a

Texts on this page

Q390 - de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud