| | e-texts navigator
|
60a1 རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི།། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། རྒྱལ་བ་བསྐྱེད་པའི་ཡུམ་མཆོག་ཕྲིན་ལས་ལྡན།། བཟའ་བ་དང་བཅའ་བ
60a2 ལ་སོགས་ཞལ་ཟས་རྣམས། ། རྒྱལ་བ་རྣམ་སྐྱེད་ཡུམ་ལ་དབུལ་བར་བགྱི།། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་མཛད་པའི།། གླུ་དང་རེ་མོ་སིལ་སྙན་བཅས་པའི་སྒྲ།། གདུགས་དང་རྒྱལ་མཚན་བ་དན་འཕན་གདུགས་བཅས།།
60a3 ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་གྱུར་ཅིག། དཔག་བསམ་གྱིས་ནི་ཤིང་དག་དང་།། ལྗོན་པའི་ཤིང་དང་ཤིང་དག་གིས།། དྲི་ཞིམ་ལོ་འདབ་བཅས་པའི་ཤིང་།། ཕྱོགས་བཅུ་ཀུན་ནས་གཏིབས་གྱུར་ཅིག། སྤོས་ཀྱི
60a4 ནི་དང་ལྡན་པའི་ཆར། ། འབྲུ་དང་མེ་ཏོག་ལ་སོགས་པའི།། ཡིད་དུ་འོང་བའི་དྲི་ཞིམ་ཆར།། ངེས་པར་ཀུན་ཏུ་འབབ་པར་ཤོག། འབབ་ཆུ་ལྟེང་ཀ་ལུ་མ་དང་།། མཚོ་དང་རྗེང་བུད་དག་དང་ནི།། རོ་བརྒྱད་ག་དང་ལྡན་པའི་མཚོའོ།།
60a5 དང་པ་ལ་སོགས་བཅས་པ་ཡི།། རིན་ཆེན་འང་པ་ཡིད་འོང་བའི། བ་དྲ་བ་ཕྱེད་པ་དང་།། ཤར་ནུབ་འོད་བཅས་ཉི་ཟླ་དག་དང་ནི།། ཁང་པ་ཤིན་ཏུ་ཡང་དུ་འོང་བ་རྣམས།། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བྱའོ།།
60a6 འཇམ་དཔལ་དེའི་ཕྱིར་མཆོད་པའི་སྔགས་འདི་བརྗོད་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་བེ་པཱུ་ཛ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་ལེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག
60a7 ཏ་ཨ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཡེ་ཧཱུ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་གན་དྷི་པཱུ་ཛ་ཡེ་གྷ་ས་སུ་དྲཱ་སྥ་ར་ན་ས་མ་ཡེ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནི་ཝི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཡེ་ཧཱུ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤ
60a8 ཏ་པཱུ་ཛ་མེ་གྷ་ས་མུ་རཱ་སྥ་ར་ཎ་སེ་མ་ཡེ་ཡེ་ཧཱུཾ་ཞེས་བརྗོད་པར་བྱའོ། ། །། མཆོད་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གསུངས་པ། འཇམ་དཔལ་ཡུམ་འདི་ནི་དུས་གསུམ
iiif viewer powered by OpenSeadragon
59b - 60b