| | e-texts navigator
|
59a1 འཇས་དཔལ་གད་སུ་གྱུར་པས་སྨྲས་པ། ། བཅོམ་ལྡན་འདས་དུས་གསུམ་གྱི་སངས་རྒྱས་ནི་མ་སྐྱེས་པས་འགགས་པ་དྲིམ་མེད་པ་དྲིམ་དང་བྲལ་བ་མེད་པ། འགྲི་པ་མེད་པ་འཕེལ་བ་མེད་པ།
59a2 རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་ཇི་ལྟར་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་དོན་དམ་པའོ།། མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཆོས
59a3 ཀྱི་དབྱིངས་སོ། ། ཡང་དག་པའི་མཐའི་ཚིག་བླ་དགས་སོ།། སྙིང་རྗེ་ཆེན་པོའོ།། ཀུན་རྫོབ་དེ་བོ་འཁོར་བའི་ཚིག་བླ་དགས་སོ།། དེ་ལས་འདས་པ་ནི་དུས་གསུམ་གྱི་སངས་རྒྱས་བསྐྱེད་པའི་ཡུམ་མོ།། དེའི་ཕྱིར་འཁོར་བ་དང་།
59a4 མྱ་ངག་ལས་འདས་པའོ།། འཇམ་དཔལ་དེ་ལྟར་ན་ཡུམ་དུ་ཡིད་ལ་བྱའོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་འཇམ་དཔལ་དེ་ལས་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པས་འདི་བསྒོམ་པར་བྱའོ།། གཟུངས་སྔགས་འདི་བརྗོད་པར
59a5 བྱའོ། ། ནན་ཏན་དུ་བསླབ་པར་བྱའོ།། འདིའི་ཡོན་ཏན་ཤེས་པར་བྱའོ།། འདི་མཆོད་པར་བྱའོ།། ལུང་ནོད་པར་བྱའོ།། ཐེ་ཚོམ་མེད་པར་བྱའོ།། ལས་ལ་ནན་ཏན་དུ་བྱའོ།། འདིའི་བསྔགས་པ་ཡིད་ལ་བྱའོ་ལས་སོ་སོའི་སྒོ
59a6 ནས་བསླབ་པར་བྱའོ། ། དེ་སྐད་ཅེས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསྟན་ཏོ།། དེས་ནི་གླེང་གཞིའི་ལེའུ་བསྟན་པ་སྟེ། ལེའུ་དང་པོའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ
59a7 གཞོན་ནུར་ཀྵ་ར་པས་བཅོམ་ལྡན་འདས་ལ་སྨྲས་པ། བཅོམ་ལྡན་འདས་འདི་ཇི་ལྟར་བསྒོམ་པར་བྱ།། འདི་ལ་ཇི་ལྟར་དུ་ནན་ཏན་དུ་བཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་གསུང་སྩལ་པ། འཇམ་དཔལ་འདི་ལྟར
59a8 ཡིད་ལ་བྱའོ། ། འཇམ་དཔལ་ཆོས་ཐམས་ཅད་རིམ་སྐྱེས་པའོ།། ཆོས་ཐམས་ཅད་ནི་མ་འགགས་པག།། ཆས་ཐམས་ཅད་ནི་དྲིམ་དང་བྲལ་བའོ།། ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་ཤིང་རང་བཞིན་གྱིས་རྣམ་པར་དག
iiif viewer powered by OpenSeadragon
58b - 59b