| | e-texts navigator
|
57b1 ཀྱིས་གཟུངས་འད་ཐོས་མ་ཐག་ཏུ་སྡུག་པ་ལྟུང་བར་བྱེད་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་སྨྲ་བ་དྲན་པར་གྱུར་པ་དཔ་དྲན་ནོ། ། བང་ཆུབ་སེམས་དཔའ་ཆེན་པར་སྨོས་ཤིག། བྱ་མའི་དུས་ན་འཇིག་རྟེན་གྱི་ཁམས་ཀུན
57b2 ནས་ཉོན་མོངས་པ་ཅན་དུ་སེམས་ཅན་སྡིག་པ་བྱེད་པ་མཚམས་མེད་པ་བྱེད་པ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་སྡིག་པ་ཟད་པར་འགྱུར། ཕན་པ་དང་བདེ་བར་འགྱུར། མགོན་མེད་པ་རྣམས་ཀྱི་མགོན་དུ་འགྱུར་རོ།།
57b3 ངས་ཀྱང་གནང་ཞིང་རྗེས་སུ་ཡི་རང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བྱ་བའི་གཟུངས
57b4 ཀྱི་རིག་སྔགས་ཆེན་མོའི་གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ
57b5 སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། དེ་དག་ལ་ཕྱག་འཚལ་ནས། སྟན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས་རིག་སྔགས
57b6 ཆེན་མོའི་གསང་སྔགས་ཀྱི་གཞི་འདི་དག་བརྗོད་པར་བྱའོ། ། བདག་ལ་རིག་པ་འདི་གྲུབ་པར་གྱུར་ཅིག། ཏདྱ་ཐཱ། ཨེ་ལེ་མ་ལོ། ཙ་ལ་མ་ལེ། ཀུན་ཀྲོལ། ཀུན་རྡུ་ལ། ཏྲ་ལེ་མེ་། ས་ས་ལེ། བེ་སེ་རེ། བཱི་རཱ་ཡ། གཽ་ར། གན་དྷི་རེ།
57b7 དཱ་མི་ཊེ་མཱ་ཏང་གེ་བུཀ་ཀས། ཀད་ཊ་ཡ། མཱ་ཙཎ་ཌ་ལཱི། ཧུང་ཊུ་མ་ལི་ནི། ཅུང་ཊུ་རྣམ་ལ་ནི། ཙི་ལེ་མ་ལེ། གྲིཧཱ་སཱ་མྱ་དར་ཤ་ནེ། ཀུ་རུ་ཙན་ཏྲ་མུ་ཁཾ། ལ་བྷྲ་མཱ་ན་ཡ་མ་ཏ། ཨཱདྱ་དཀྵ། བྷཱ་ཛེ་སརྦ་བིདྱཱ་རཱ་མ། པྲ་ས་དྷ་ན
57b8 སརྦ་བི་དྷཱ་ནཱ་མ། ཨཱ་ཤཱ་རེ་སྭཱ་ཧཱ། ཀླགས་པས་འགྲུབ་པའི་གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ་ཐོས་མ་ཐག་ཏུ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། འཇིགས་པ་ཐམས་ཅད་ལས་སྲུང་ངོ་།། དུས་གསུམ་དུ་བཟླས་པ
iiif viewer powered by OpenSeadragon
57a - 58a