e-texts navigator
Collection
Volume
Page
Wylie

57a1 སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བགྱི་བའི་གཟུངས་ཀྱི་རིག་སྔགས་ཆེན་མོ་གསང་སྔགས་ཀྱི་གཞི། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས
57a2 སྔོན་གསུངས་ཤིང་ད་ལྟར་གསུངས་ཤིང་ད་ལྟར་གསུང་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་འགྱུར་ཏེ་བྱང་ཆུབ་ཡོངས་སུ་ཚོལ་བ་ན་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བ་དང་དོན་དང་བྱང་ཆུབ་སེམས
57a3 དཔའི་དོན་གྱི་བར་གྱི་ཕྱིར་སྔོན་གསུངས་པ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ཀྱི་བར་གྱུར་པ་མར་གྱུར་པ་སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་དང་། དཔུང་གཉེན་མ་མཆིས
57a4 པ་ཨ་རྣམས་ཀྱི་དཔུང་གཉེན་དང་མགོན་མ་མཆིས་པ་རྣམས་ཀྱི་མགོན་དུ་གྱུར་པ་སྡིག་པ་ཐམས་ཅད་ཟད་པར་བགྱིད་པ་མཆིས་ཏེ་གཟུངས་དེ་ཐོས་མ་ཐག་ཏུ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ག
57a5 སྔགས་ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ང་སྔོན་བྱང་ཆུབ་སེམས་དཔར་འགྱུར་ཏེ་བྱང་ཆུབ་ཡོངས་སུ་ཚོལ་བ་ན་འཇིག་རྟེན
57a6 ག་ཡི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད
57a7 དཔག་མེད་ཅེས་བྱ་བ་དེ་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། ། འཁོར་དེ་ཉིད་ན་བྲམ་ཟེ་དབང་ཕྱུག་འོད་ཅེས་བྱ་བ་བྱང་ཆུབ་སེམས་དཔའི་ས་གསུམ་པ་ཐོབ་པར་གྱུར་པ་ཞིག་འདུས་པ་དེས
57a8 སྤྱན་རས་གཟིགས་དབང་ཕྱུག་ག་མ་ཞེས་བྱ་བ་གཟུངས། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་བྲམ་ཟེ་བརྒྱ་སྟོང་མང་པོ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་དུ་མ་ལ་བསྒྲགས་བཤད་བསྟན་ཏེ། དེ་དག་ཐམས་ཅད




iiif viewer powered by OpenSeadragon

56b - 57b

Texts on this page

Q389 - 'phags pa spyan ras gzigs dbang phyug gi yum zhes bya ba'i gzungs