e-texts navigator
Collection
Volume
Page
Wylie

50b1 དོན་བྱས་པས། རང་གི་གྲོགས་པོས་སྤངས་ནས་གཅིག་པུ་ལུས།། སྡེ་བརྒྱད་ཚོགས་ཀྱིས་ཉེས་ན་ཆད་པའི་ལས།། གྲོང་ཀྱང་འཇོམས་ཤིང་སྡེ་བརྒྱད་འགུམས་པར་བགྱིད་ཅེས་སྨྲས་ཏེ། སྡེ་བརྒྱད་ལ་ཏྲ་ཤཱ་ལ་གདེངས་པ་དང་།
50b2 ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་། དྲི་ཟའི་རྒྱལ་པོ་ཟུར་པུད་ལྔ་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་ཟངས་རིས་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་། གྲུལ་བུས་ཀྱི
50b3 རྒྱལ་པོ་སྦལ་མགོ་དགུ་པ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ལ་སོགས་པ་འཁོར་མང་པོ་དང་བཅས་པ་དགའ་བའི་མདངས་ཕྱུང་སྟེ། སེང་གེ་ལ་རིན་པོ་ཆེའི་རྒྱན་ཕུལ་ལོ།། དེ་ནས་སའི་འོག་ན་གནས་པའི་ཀླུ་ལ
50b4 བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས།། རང་གི་གྲོགས་ཀྱིས་སྤངས་ནས་གཅིག་པུ་ལུས།། ཀླུ་ཚོགས་རྣམས་ཀྱིས་ཉེས་ན་ཆད་པའི་ལས།། གྲོང་ཁྱེར་འཇོམས་ཤིང་ཀླུ་རྣམས་འགུམས་པར་བགྱིད།།
50b5 ཅེས་སྨས་ཏེ་རྒྱ་མཚོ་ཆེན་པོ་ཏྲི་ཤུ་ལས་དཀྲུགས་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་བ་རུ་ན་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། དེ་དག་ལ་སོགས་པ་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ལྷ་དང་ལྷ་མ་ཡིན
50b6 གྱི་གཡུལ་མྱོང་བར་བྱེད་པ། ཀྲིའི་རྡུལ་པོ་འབུམ་ཕྲག་དྲུག་གཡོག་དང་། འཁོར་དུ་བཅས་པ་འདུས་ཏེ། དགའ་བིའམདངས་ཕྱུང་ནས་ཀླུའི་རྒྱལ་པོ་བ་རུ་ཎ་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཕྱག་འཚལ། བསྐོར་བ་ལན་གསུམ
50b7 བྱས་ཏེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན།། ཁྱོད་ལ་བདག་ནི་སྐྱབས་སུ་མ་ནི།། ཀླུ་རྣམས་ཀུན་གྱི་མགོན་མཛོད་ཅིག། ཉམས་ན་ཀླུ་ཡི་གཤེད་མ་མཛོད།། ཅེས་སྨྲས་ནས་ཏྲི་ཤཱ་ལ་ལན་གསུམ་དཀྲིས་ཁ་བྱང་ཆུབ་སེམས
50b8 དཔའ་ལ་བསྒྱུར། ཕུ་ཕུཿཞེས་བརྗོད་ཅིང་གུས་པས་ཁ་ནས་ཁྲ་ག་འབྱིན་ཅིང་གནས་སོ།། ཀླུའི་རྒྱལ་པོ་གཞན་རྣམས་ཀྱང་ཐལ་མོ་སྦྱར་ནས། བསྐོར་བ་ལན་གསུམ་གསུམ་བྱས་ནས། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན།།




iiif viewer powered by OpenSeadragon

50a - 51a

Texts on this page

Q386 - 'phags pa spyan ras gzigs dbang phyug seng ge sgra'i gzungs zhes bya ba