| | e-texts navigator
|
49a1 པའོ། ། གསུམ་དང་ལྔ་ནི་མདུན་དུ་འཕྱང་།། རྩེ་མོར་འོད་དཔག་མེད་པས་བརྒྱན།། སེང་གེའི་ཆ་ལས་བྱུང་བ་ཡིན།། འདམ་སྐྱེས་དམར་པོའི་ལོ་མ་གཉིས།། པད་མ་བཞི་ལ་སྔགས་བཞི་ལྡན།། རང་ལུས་འོག་ནས་ཐལ་མོ
49a2 སྦྱོར། ། སྐལ་འདུད་ཅིང་ཕྲིན་ལས་བྱེད།། རྡོ་རྗེའི་གདན་ལ་མི་བསྐྱེད་པའི།། ཐུགས་ཁ་ནས་ནི་སྔགས་འོད་འདོན།། སྤྲོ་བ་གསུམ་དུ་ལྡན་པའི་སྔགས།། ཉི་ཤུ་རྩ་གཅིག་གདོན་པར་བྱའོ།། གསང་བའི་བདག་པོ་རྒྱུད་འདི་ལ་སྤོད་པའི
49a3 སེམས་ཅན་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྨོད་པ་ཡིན་ནོ། ། གསང་བའི་བདག་པོ་རྒྱུད་འདི་ཉན་པ་དང་། སེམས་པ་དང་། མཆོད་པ་དང་། འཆང་བ་དང་། ཐ་ན་འདི་ལ་མོས་པའི་སེམས་དེ་དག་ལ་རྒྱལ
49a4 རྐྱེན་བཞིའི་ལྷ་དང་། སུམ་བཅུ་རྩ་གསུམ་གྱི་ལྷ་དང་། ཚངས་པའི་བུ་དང་། ཚངས་ཆེན་རྣམས་ཀྱིས་བསྲུང་བ་དང་། བསྐྱབ་པ་དང་། སྲ་བ་དང་། ཀུན་ཏུ་རྗེས་སུ་འབྲང་བར་བྱེད་དེ། དེ་བས་ཆེས་ལྷག་པའི་སངས་རྒྱས་དང་བྱང
49a5 རྨུག་སེམས་དཔའ་ཐམས་ཅད་བྲ་ལ་མས་སྤང་བ་བཞིན་དུ་བསྲུང་བར་འགྱུར་རོ། ། བདུད་ཀྱི་བར་དུ་གཅད་པར་མི་ནུས་སོ།། གང་ཤི་འཕོས་ནས་ནུབ་ཕྱོགས་བདེ་བ་ཅན་དུ་པད་མོ་ལས་སྐྱེ་བར་འགྱུར་རོ།། མངལ་གྱི་སྡུག་བསྔལ
49a6 ལས་ཐང་བར་འགྱུར་རོ། ། ཚེ་འདིར་ལ་དང་ཆུའི་འཇིགས་པ་ལས་ཐར་བར་འགྱུར་རོ།། འདིར་ནི་མདོཙ་མ་སྨོས་སུ་ཟད་ཀྱི། དེ་མ་ཡིན་པ་གང་འདོད་པ་ཐམས་ཅད་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ།། གང་རྒྱུད་འདལ
49a7 གནོད་པ་དང་། འཚེ་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ན། དེ་ལ་ལྷའི་བུ་ཁྱེད་རྣམས་ཀྱིས་བསྲུང་བར་གྱིས་ཤིག་ཅེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོ་དང་། ཚངས་ཀྱི་ལྷའི་བུ་དེ་དག་རབ་ཏུ་དགའ་ནས
49a8 ཚུལ་བཞིན་དུ་ཁས་བླང་བ་བྱ་སོ། ། དེ་ནས་གཞན་བསྲུང་བའི་ཕྱིར་བདག་ས་དཀར་པོ་ལ་ལན་དུ་མར་བསྔགས་ན་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ།། སེང་གེ་སྒྲའི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་པཎྜི་ཏ་པྲ་དྷཱ་ཀཱ
iiif viewer powered by OpenSeadragon
48b - 49b