| | e-texts navigator
|
43b1 དང་། གནོད་སྦྱིན་དང་སྲིན་པོ་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་དང་མི་དང་མ་ཡིན་པ་རྣམས་ཀྱིས་མཆོད་ཅིང
43b2 བཀར་སྟི་བྱས་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ།། ཚིག་འབྲུ་བཟང་པོ།། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་ཡང་དག་པར་བ
43b3 སྟོན་ཏོ། ། དེ་ནས་ཚངས་པ་ལ་སོགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ།། ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས།། བྱ་བ་བྱས་ཤིང
43b4 བྱེད་པ་བྱས། ། ཁུར་བོར་བདག་དོན་རྗེས་སུ་རྙེད།། སྲིད་པ་སྦྱོར་བ་ཡོངས་སུ་བད།། ཡང་དག་བཀའ་ལ་རྣམ་གྲོལ་སེམས།། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ།། ཀླུ་ཆེན་པོ་ནི་ཅང་ཤེས་པོ།། སེམས་ལ་དབང་སྒྱུར།
43b5 ཐམས་ཅད་ཀྱིས།། མཆོག་ཏུ་ཕ་རོལ་ཕྱིན་པ་ཐོབ།། ཡེ་ཤེས་ཚོགས་ནི་ཡོངས་སུ་རྫོགས།། སྲིད་པའི་དགོན་པ་རབ་ཏུ་བརྒལ།། གཞན་ལ་ཕན་པ་མཛད་ལ་བརྩོན།། ཐུགས་རྗེ་དང་ནི་འབྲེལ་པའི་ཐུགས།། སྐྲ་དགུ
43b6 ཀུན་ལ་རབ་ཏུ་བྱམས། ། དག་པ་རབ་བརྩོན་བྱམས་ལས་བྱུང་།། མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས།། བདེ་བར་གཤེགས་པ་ཉིད་ལས་སྐྱེས།། ཁམས་གསུམ་གྱི་ནི་གཉེན་གཅིག་པོ།། འདོད་ཆགས་ཞེ་སྡང
43b7 གཏི་མུག་མེད། ། དྲི་མ་གསུམ་ནི་རབ་ཏུ་སྤངས།། རིག་པ་གསུམ་གྱི་ཕ་རོལ་ཕྱིན།། མངོན་པར་ཤེས་པ་དྲུག་ཀྱང་བརྙེས།། ནྱ་བགྲོ་དྷ་ལྟ་བུར་ཟླུམ།། སྐྱེས་བུ་ཆེན་པོའི་མཚན་རྣམས་ནི།། སུམ་བཅུ་རྩ་གཉིས
43b8 ངག་དང་ལྡན། ། དཔེ་བྱད་བཟང་པོ་བརྒྱད་བཅུས་ཀྱང་།། ཀླུ་ནི་རྣམ་པ་ཀུན་ཏུ་བརྒྱན།། སྐུ་མདོག་གསེར་གྱི་ཁ་དོག་འདྲ།། སྐུ་ཚད་ཆེ་ཞིང་སྐར་ཤམ་པོ།། ནག་གེ་སར་གཞོན་ནུ་ལྟར།། ཅུང་ཟད་རབ་ཏུ་དམར
iiif viewer powered by OpenSeadragon
43a - 44a