| | e-texts navigator
|
42b1 བརྩེ་སེམས་སྐྱེས་ནས་ལྡོག་པར་འགྱུར། ། གང་ཞིག་རྒྱལ་པོའི་ཁྱོད་ལ་ཐོགས་པ་དང་།། ལྕགས་སྒྲོག་ཁོང་སྒྲིལ་བཙོན་རར་ཆུད་པའི་ཚེ།། རྩེ་གཅིག་ཟུགས་རྗེ་ཆེན་པོའི་གཟུངས་བཀླམས།། རྒྱལ་པོ་བརྩེ་སེམས་ཀྱིས
42b2 ནི་གཏོང་བར་འགྱུར། ། གང་ཞིག་བྱང་སྟེམ་དུག་མིའི་ཁྱིམ་ཞུགས་ཏེ།། ཟས་སྐོམ་དུག་ཅན་གྱིས་ནི་གསོད་པའི་ཚེ།། རྩེ་གཅིག་ཟུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། དུག་ནི་ཟིལ་དང་ཟས་སྐོབ་ཉིད་དུ་འགྱུར།། བུད་མེད
42b3 སྦྲུམ་མ་བུ་ནི་བཙའ་བའི་ཚེ། ། བདུད་ཀྱིས་བགེགས་བྱས་སྡུག་བསྔལ་མི་བཟོད་ཚེ།། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། འདྲེ་གདོན་བྱེར་ནས་བདེ་བར་བཙའ་བར་འགྱུར།། ཀླུ་གདོན་གཏུབ་པོས་གདུག
42b4 པའི་དབུགས་བཏང་བས། ། ཚ་བའི་ནད་ཀྱིས་ཉེན་ནས་འཆིར་ཉེ་ཚེ།། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། རིམས་ནད་བསལ་ནས་ཚེ་ནི་རིང་བར་འགྱུར།། ཀླུ་གདོན་རྒྱུ་བས་གཙེས་ཏེ་སྐྲངས་པ་དང་། ཤུ
42b5 འབྲས་མི་བཟང་རྣག་ཁྲག་འཛག་པའི་ཚེ། ། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། མཆིལ་ལ་ལན་གསུམ་བྱུགས་པས་སྐྲངས་པ་ཞི།། སེམས་ཅན་རྙོག་པ་མི་དགེ་སྦྱོང་པས་ན།། བྱང་སྟེམ་སྔགས་དང
42b6 དགྲས་ནི་གཅེས་པའི་ཚེ། ། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། བྱང་སྟེམ་གདོན་དེ་གཏོང་བའི་མི་ལ་འདུད་སྡིག་འཕེལ་སྙིགས་མདམ་ཆོས་འཇིག་པའི་ཚེ།། འདོད་པའི་མེ་མཆེད་སེམས་ནི་རྨོངས་ལོག་པས།།
42b7 གྱོ་ཤུག་སོ་སོར་གཞན་ལ་འདོད་ལྡན་ནས།། ཉིན་མཚན་ལོག་བསམ་རྒྱུན་ནི་མི་འཆད་ཚེ།། གང་ཞིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། འདོད་པའི་མེ་ཞི་ལོག་པའི་སེམས་བསལ་འགྱུར།། བདག་གི་གཟུངས
42b8 འདི་མཐུ་སྟོབས་རྒྱས་བརྗོད་ན། ། སྐལ་པར་བརྗོད་ཀྱང་མཐར་ཐུག་ཡང་མི་འགྱུར།། གལ་ཏེ་ཐུགས་རྗེ་ཆེན་པོའི་གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དེ་དག་ཆུ་ཀླུང་དམ་རྒྱ་མཚོར་ཞུགས་ཏེ་ཁྲུས་བྱས་པ་ལས།
iiif viewer powered by OpenSeadragon
42a - 43a