e-texts navigator
Collection
Volume
Page
Wylie

34b1 ད་ཐམས་ཅད་ཀྱིས་བརྒྱན་པ། ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་སྔོང་བཞིན་དུ་ལངས་པ་འམ། འདུག་པ་བསམ་པར་བྱའོ།། གཞན་ཡང་ཆོ་ག་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས
34b2 སྣ་ཚོགས་ཀྱི་གཟུགས་འཆང་བ། དབུ་བཅུ་གསུམ་པ། སྤྱི་བོའི་མགོ་བོ་ལྗང་ཁུའི་རྟ་ཞལ་ལོ།། ཡང་མ་ཞི་བ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་ལོ།། ཕྱག་རྒྱ་བའི་བཅོམ་ལྡན་འདས་འདི་ནི་སྣ་ཚོགས་ཀྱི་མཚོན་མ་བསྡམས
34b3 པའོ། ། ཡང་ན་ཞལ་བརྒྱ་པ་ཕྱག་སྟོང་པ་ཡང་བྱའོ།། ཁ་ཅིག་ཏུ་རྡོ་རྗེ་དཀྱིལ་མོ་དཀྲུང་གི་གནས་པའ་པ་བཞེངས་པ་ཡང་བའོ།། ཙམ་པ་ཀ་ལྟ་བུའི་དཀ་སར་གྱི་བཅོམ་ལྡན་འདས་སོ།། ཐང་སྐུ་རེ་ཀུན་གྱི་གཡས་ཕྱོགས
34b4 ཀྱི་བར་དུ་སྒྲུབ་པ་པོ་མེ་ཏོག་དང་། མཆོད་ཡིན་གྱི་སྡོད་དང་། བདུག་སྤོས་ཀྱི་སྣོད་ལག་པ་བཟུང་བ་བྱའོ།། དེ་རྣམས་ཀྱི་དབུ་ལ་དབུ་རྒྱན་དུ་འོང་དཔག་མེད་པ་འམ། ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་བྲི་བར་བྱའོ།། འདི་ནི་ཐབ་སའི
34b5 ཆོ་གའོ། ། ཐང་སྐུའི་མདུན་དུ་རྩ་བའི་སྔགས་ཇི་ལྟ་བ་འདོད་པ་དེ་བཀྲ་ཤིང་བསམ་གཏམ་ཡང་བྱས་ནས། མཆོད་པ་རྣམ་པ་ལྔས་མཆོད་ལ། མཆོད་ཡོན་སྣོད་དང་། ཡོངས་སུ་གང་བའི་བདུད་རྩི་ལྟ་བུའི་ཟས་དང་། སྒྲོན་མའི
34b6 ཟས་ལ་བྱས་ནས་མཆོད་ཡིན་བྱིན་ཏེ། སྔགས་གང་འདོད་པ་དེ་བཟླས་པ་བས་ན་དེ་ལ་གའངས་པའི་དངོས་གྲུབ་དུ་འགྱུར་རོ།། གསང་བ་མོ་ནི་སྔགས་འདི་ཉིད།། ཁ་ཅིག་ལ་ཡང་མི་སྦྱིར་རོ།། བློ་ལྡན་སེམས་ཅན་དོན་བརྩོན
34b7 པའི། ། སེམས་བརྟན་པ་ལ་སྦྱིན་པར་བྱ། མཆོད་རྟེན་ལས་བྱེད་ཉིད་ལ་མིཀྐོ་ལྡན་འབད་པས་སྦྱིན་པར་བྱ།། རང་ཉིད་དང་ནི་ནོར་དག་གིས།། བླ་མ་ལ་རྟག་གུས་པར་བྱ།། རྡོ་རྗེ་སློབ་དཔོན་རྣལ་འབྱོར་ལ།། མཆོག་ཏུ་གྱུར
34b8 པའི་ཡོན་ཡང་དབུལ། ། གང་དང་གང་ནི་བཏང་དཀའ་བ།། མཆོག་ཏུ་གྱུར་པར་འདིར་ནི་སྔགས།། ཆུང་མ་སྲིང་མོ་དང་ཡང་ནི།། བུ་མོ་དང་ནི་ཚ་མོ་དག། བུ་མོ་རྒྱན་ཀུན་བརྒྱན་པར་བྱ།། གླང་ཆེན་རྟ་དང་ཤིང་རྟ་དང་། ཕྱུགས




iiif viewer powered by OpenSeadragon

34a - 35a

Texts on this page

Q376 - 'jig rten dbang phyug gi rtog pa