| | e-texts navigator
|
29b1 ནི་བརྗོད་བྱ་སྟེ། ། སངས་རྒྱས་ཐམས་ཅད་ཆུད་ཆེན་པོ།། འདོད་པའི་དོན་ཀུན་རབ་སྟེར་བ།། དང་པོར་རེ་ཤིག་རིག་པ་འཛིན་པས་གཙང་ཞིང་དབེན་པའི་ས་ཕྱོགས་སུ་སྭཱ་གིས་དག་པར་བྱས་པས་ཉེ་བར་འདུག་ཅིང་པར
29b2 མའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཤྭ་ནྱ་ཏཱ་ཛྙཱ་ན་བཛྲ་སྲ་བྷཱ་བ་ཨཱད་མ་ཀོ་ཧཾ། ཞེས་བརྗོད་ལ། ཐམས་ཅད་སྟོད་པའི་རྣམ་པར་བསམ་པར་བྱའོ།། དེའི་རྗེས་ལ་ཨོཾ་ཙ་དི་ཏ་པྲ་ཏི་བྷེ་དྷཾ་ཀ་རོ་མ། དེ་ལྟར་བརྗོད་ལ་སྣ་ཚོགས་པདམའ
29b3 མ་བརྒྱད་པར་བསྒོམས་ནས། པད་མའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ།། ཟླ་བའི་སྟེང་དུ་ཧྲིཿའི་སྔགས་གྱུར་པ་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་བསྒོམ་པར་བྱ་སྟེ། སེམས་དཔའི་དཀྱིལ་མོ
29b4 བཞུགས་པ། ཕྱག་གཉིས་པ། མདོག་དམར་བ། མཚན་དུ་ནི་གོས་དཀར་མོ་དེ་ལ་འཁྱུད་པ། པད་མ་དམར་པོ་ཁ་འབྱེད་ཅིང་གར་གྱི་ཚུལ་ཅན་ཁབ་ཀྱི་ཕྱག་རྒྱས་ཁ་འབྱེད་པར་བསྒོམས་ལ། འདི་པརྗོད་པར་བྱ་སྟེ།
29b5 པད་མ་དམར་པོའོ།། འདོད་ཆགས་སྐྱོན་གྱིས་མི་གོས་ཤིང་།། དེ་བཞིན་སྣ་ཚོགས་བག་ཆགས་སྐྱོན།། ཁམས་གསུམ་རྣམ་པར་དག་པའོ།། དབུ་རྒྱན་ལ་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ།། དེ་ནས་འདི་བརྗོད་པར་བྱ་།
29b6 སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ག་ཅིང་ཏ་བཛྲ་སྭ་བྷཱ་བ་ཨཱད་བ་ཀོ། དེ་ལྟར་བསྒོམ་རས་ཕྱོགས་བརྒད་དུ་ལྔ་པོ་རྣམས་བསམ་མོ།། ཨོཾ་བི་ལོ་ཀ་རེ། ཨ་བ་ལོ་ཀ་ནི། ཨ་བ་ལོ་ཀ་ཡ་སྭཱ་ཧཱ། ཤར་གྱི་མདབ་མ་ལ་དི་རྣམ་པར་ག
29b7 མ་ཞེས་བྱ་བའི་ལྷ་མོ་པད་མ་དམར་པོ་བསྡམས་པའོ། ། ཨོཾ་ཏཱ་ར་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ལྷའི་པད་པལ་བཅོམ་ལྡན་འདས་པ་སྒྲོལ་མབལ་ཤའི་འདབ་མ་ལྟ་བུའི་པད་པ་བསྡམས་པའོ།། ཨོཾ་དྷུ་རི་ནི་མ་ཧཱ་ཙཀྲ་བ་ར་ཏི་ནི་ཧཱུཾ། རུབ་ཀྱི་འདས
29b8 ལ་ལ་བཱ་རི་ནི་ཞེས་བྱ་བའི་ལྷ་མོ་ཨུད་པལ་སྔོན་པོ་ལ་བུའི་པད་མ་ཕྱག་ན་བསྡམས་པའོ། ། ཨོཾ་བྷྲྀ་ཀུ་ནཱི་ཏཱ་ཏུ་ཏ་པ་ཎ་ཧཱུ~ཾ། བྱང་གི་འདབ་མ་ལ་ཁྲོ་གཉེར་ཅན་ཞེས་བྱ་བའི་ལྷ་མོ་པད་མ་སེར་མོ་བསྡམས་པའོ།།
iiif viewer powered by OpenSeadragon
29a - 30a