e-texts navigator
Collection
Volume
Page
Wylie

22b1 གཡོད་པ་རལ་པ་སྤྱི་ཐུགས་ཏེ། ། གཡས་པ་འཁོར་ལོ་བ་འཛད།། གསོད་པ་ད་ནི་མདའ་གཞུ་སྟེ།། ལྷག་ས་མཆོག་སྦྱིན་རྒྱན་ལྡན་པའོ།། དེ་ནས་ཅོམ་ལྡན་འདས་ཀྱིས་མཛུམ་པ་མཛད་དེ། ཅོད་པན་གཉིས་ནས་འོད་ཟེར་རབ་ཏུ་འབྲས
22b2 པ་དང་། བཅོམ་ལྡན་འདས་ལ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་བྱུང་བའི་པད་མའི་སྟེང་དུ་རིགས་ལྔ་བྱུང་བ་འདི་ལྟ་སྟེ། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་དོར་ཡོད་གྲུབ
22b3 པ་དང་། མི་བསྐྱོད་པའོ།། ཁང་བུ་བརྩེགས་པ་རིན་པོ་ཆེ་དེའི་ནང་དུ་སེང་གེ་དང་རྟ་དང་། རྨ་བྱ་དང་ནམ་མཁའ་ལྡི་དང་། གླང་པོ་ཆེན་དེ་དག་ནི་ཅོད་པན་ལས་ཟུང་བའོ།། ཡང་ཡུ་བ་ནི་ས་མདོག་སྔོན་པོ་སྟེ། པད་མ་ལས་བྱུང་ཕྲ
22b4 སྟེང་། ། ཚད་མེད་བཞིས་སྟེ་ཕྱག་བཞི་མཛེས།། སེམས་དཔའི་རྒྱན་དུ་ལྡན་པ་ཡི།། མཉམ་པ་ཡི་ནི་དཀྱིལ་དཀྲུང་བཅས།། ཡབ་ནི་སྐུ་མདོག་སེར་པོ་སྟེ།། པད་མ་ལས་བྱུང་པ་ད་མའི་སྟེང་།། ཐ་ལ་སྦྱར་ནོར་བུ་པ་གྲ་དསྲེད་འཛིན
22b5 རྒྱན་རྣམས་ཡོངས་སུ་འཛིན་པའོ། ། ཡང་འོད་ཟེར་རབ་ཏུ་བཀྱེ་སྟེ།། ཟླ་བ་ཉི་ས་ལས་བུང་བའི།། ཉི་མའི་མདོག་ཅན་ཉི་མ་ནི།། གཞོན་ནུ་ཨུད་པལ་མཆོག་སྟེན་མཛད།། ཟླ་བ་ལས་སྐྱེས་ནམ་མཁའི་མདོག། ཧྲ་པན
22b6 པ་རྡོ་རྗེ་ཅན། ། དཀར་པོ་གངས་ལྟར་དཀར་བ་སྟེ།། ཉི་ཟླའི་སྟེང་ན་པད་མ་འཛིན།། དྲག་པོ་གཉིས་དང་ཧྲི་ཡིག་ལས།། གཉིས་མེད་ཚུལ་གྱིས་འབྲས་བུ་རྫོགས།། ཧ་ལ་གྲིབ་ཁམས་གསུམ་སྡད།། ཁྲོ་གཉེར་ཅན་གྱི་ཕྲིན
22b7 མཛད། ། གཤིན་རྗེ་གཤེད་པོ་གཏེར་འཛིན་ཅིང་།། ཁམས་གསུམ་རྣམ་རྒྱལ་བདུད་སྡེ་འཇོམས།། འཁོར་ལོ་དཀར་པོ་དག་པ་སྟེ།། གྲུ་བཞི་སྒོ་བཞིན་བབས་བཅས།། དང་པོར་དཀོན་མཆོག་རབ་དད་ཅིང་།། ཚད་མེད་བཞི་ནི་རབ་ཏུ་རྫོགས།། བྱ
22b8 ཆུབ་ཡན་ལག་རྫོགས་པ་དང་། ། ཆོས་དབྱིངས་རབ་བཞིན་སྟོང་ཉིད་དོ།། དེ་ནས་གསང་སྔགས་བསྟན་པའི་ཕྱིར།། བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་གང་ཆེན་པོ་མཚའ་ཞིང་ཁམས་ཐམས་ཅད་དུ་འོད་བཀྱེ་ནས




iiif viewer powered by OpenSeadragon

22a - 23a

Texts on this page

Q375 - pad+ma cod pan zhes bya ba'i rgyud