e-texts navigator
Collection
Volume
Page
Wylie

22a1 ནམ་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོད་ཟེར་གྱིས་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཞིང་གི་རྡུལ་ལ་རེག་པས་རེག་མ་ཐག་ཏུ་བསྐལ་པ་བཟང་པོའི་སངས
22a2 སྟོང་རྩ་གཉིས་ལ་མཆོད་ནས། འོད་ཟེར་དེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ།། ནུབ་མ་ཐག་ཏུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་སྐུ་མདོག་གངས་ཀྱི་རྩེ་ལ་ཉི་མ་ཤར་བ་ལྟར་དཀར་བཞལ་བཅུ་ཅིག
22a3 རྩ་བའི་ཞལ་དཀར་པོ་སྟེང་ཞལ་སེར་བ། གཡས་ལྡང་ཁཱ། གཡོན་དམར་བ། སྟང་གི་གསུབ་དག་པོ།། བཅོམ་ལྡན་འདས་ཀྱི་དབུ་ནི་བཱ་རུ་བཅག་པ་ལྟ་བུར་གྱུར་ཏེ། འཛུམ་པ་མཛད་ནས་ཐུགས་རྗེ་ཆེན་པོའི་བདག
22a4 འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གཟིགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་གསོལ་པ། སྐ་དང
22a5 སྔགས་དང་ལས་རྣམས་དང་། ཁྱད་པར་ཆོ་ག་བསྟན་པར་གྱིས།། ཞེས་གསོལ་བ་བཏབ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་ལེགས
22a6 ཞེས་བྱ་བ་བྱིན་ནས་སྨྲས་པ། སྐྲ་ཡི་རྣམ་པ་འདི་ལྟ་སྟེ།། ཐུགས་རྗེའི་དག་པ་རྐུ་ཤེལ་ཏེ།། མཉམ་པར་བཞེངས་པས་འགྲོ་དོན་མཛད།། ཆུ་ཤེལ་མདོག་འདྲ་ཞལ་གསུམ་དཀར།། ལྗང་གུའི་མདོག་ཅན་དག་པོ་སྟེ།
22a7 སེར་པོ་དེ་བཞིན་བཅོམ་ལྡན་དམར།། དྲང་སྲོང་རྟག་ཏུ་རི་དགས་བརྒྱན།། ཞི་བ་འཛུམ་དང་བཞད་པ་དང་།། ཁྲོས་པའི་ཞལ་མངའ་སྟན་གསུམ་མཛེས།། བཅུ་པ་སེམས་དཔའི་རྟགས་ཅན་དེ།། བཅུ་གཅིག་བཅོམ
22a8 ལྡན་འདས་ཀྱི་བདག། ཡོད་ཏད་དོང་བ་པ་ཏིག་ཕྲེང་།། ཕྲིན་ལས་སྣ་ཚོགས་སྤང་དཀྲིས་པ།། དང་པོའི་ཕྱག་ནི་ཐལ་སྦྱར་ཏེ།། གཡས་པ་རིན་ཆེན་ཕྲེང་བ་འཛིན།། གཡོད་པར་མེད་པད་མ་འཛིད།། གཡས་པ་མཆོག་སྙན་བཛད་པ




iiif viewer powered by OpenSeadragon

21b - 22b

Texts on this page

Q375 - pad+ma cod pan zhes bya ba'i rgyud