e-texts navigator
Collection
Volume
Page
Wylie

21a1 ཐམས་ཅད་པས་པའི་བར་དུ་བཀྱེའོ། ། གཞན་ཡང་སྐུད་པ་དཀར་པོ་ལ་སྔགས་མདུད་པ་ཉི་ཤུ་རྭ་གཅིག་མདུད་དསྔགས་ལན་དྨ་ནང་མདུད་པ་རེ་རེ་མདུད་ནས། མདུན་གྱི་བྱམས་པ་དང་སྙིང་རྗེ་དང་ལྡན་པའི་གང
21a2 གེ་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་བཀྲོལ་ནས་ནད་པའི་མགུལ་དུ་བཏགས་ན་བྲོ་ནད་རྣམས་འབྱང་ཞིང་གདོན་བགེགས་མ་རུངས་པ་རྣམས་དབྱེར་ཞིང་འགྱེས་པར་འགྱུར་ལགས་སོ། ། གཞན་ཡང་མི་མཛའ་བདག་གིས་ཀླ་ག
21a3 བཙལ་བར་གྱུར་ཏམ། འཐབ་ཅིང་རྩོད་པ་དང་། བྱད་སྐམས་ཀྱིས་གནོད་པར་བགྱིད་པར་གྱུར་ན་མེ་ཏོག་དང་པོག་སྤོས་ལ་སོགས་པ་སྣ་ཚོགས་ཀྱིས་གཟུགས་བཀྱིས་པ་དེ་ལ་མཆོད་ཅིང་བི་ན་ཡ་ཀའི་གཟུགས་ཀྱི་ས
21a4 ནས། འུན་ཏེའི་འབྲས་བུ་འབུམ་བུ་བརྒྱ་རྩ་བརྒྱད་བླངས་ཏེ་སྔགས་ལན་རེས་བཏབ་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱིའོ།། གཞན་ཡང་སྐུད་པ་དཀར་པོ་ལ་མདུད་པ་བརྒྱ་རྩ་བརྒྱད་མདུད་དེ། སྔགས་ལན་རེ་བཟླ་ཞིང་མདུད་པར་རམ་དུ
21a5 ན་ཨས་གཟུགས་དེའི་གཡོན་ཕྱོགས་ཀྱི་ཁྲོ་བོའི་གདོང་གི་སྤྱི་བོ་ལ་བཏགས་ནས་འག་བཞི་ལོན་ཏེ་སླར་བཀྲོལ་ལ་སྐུད་པ་དེ་བླངས་ཏེ་མི་མཛའ་བ་དེའི་མིང་ནས་བརྗོད་དེ་མདུད་པ་རེ་རེ་ནས་སོ་སོ་ཐ་དད་པར་སྤངས་ནས་རེ་རེ་ལ་ཡང་སྔགས་ལན་རེ་བཤཱ
21a6 རེ་ནས་བཏུབས་ཏེ་ཐམས་ཅད་པས་པའི་བར་དུ་བགྱིས་ན། མེ་མཛའ་བ་དེ་དག་ཅི་བགྱིའོ་འཚལ་མི་འབྱོར་ཅིང་རང་ཉིད་སྐྱབས་སུ་མཆི་བར་འགྱུར་ལག་སོ།། གཞན་ཡང་གང་ལ་ལ་ཞིག་ལེགས་པའི་དངོས་པོ་འགྲུབ་པར་འ
21a7 ཚོན་སྣ་ལྔའི་སྐུད་པ་ལས་སྔགས་མདུད་པ་ཉི་ཤུ་རྩ་བརྒྱད་མདུད་དེ། སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད་ནས། གཞན་ཡང་གཟུགས་བགྱིས་པའི་མདུན་དུ་སྔགས་ལན་བདུན་བགྱིས་བཏབ་སྟེ། བྱམས་པ་དང་སྙིང་རྗེ་དང
21a8 ལྡན་པའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་དཀྲོལ་ནས་བདག་ཉིད་ཀྱི་ལུས་ལ་བཏགས་ན་སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་འགྱུར་ལགས་སོ། ། གཞན་ཡང་གང་ལ་ལ་ཞིག་སྒྲིབ་པའི་བགེགས་དང་ལྡ།




iiif viewer powered by OpenSeadragon

20b - 21b

Texts on this page

Q374 - 'phags pa zhal bcu gcig pa'i rig sngags kyi snying po zhes bya ba'i gzungs