| | e-texts navigator
|
20b1 དགྲའི་ཕྱོགས་སུ་ཁ་བསྟན་ན་དགྲའི་དམག་ཚོགས་རྣམས་དྲུང་དུ་མཆི་བར་མི་འགྱུར་ལགས་སོ། ། གཞན་ཡང་གལ་ཏེ་ཡུལ་ཕྱོགས་སུ་མི་དང་ཕྱུགས་ལ་རིམས་ནད་བྱུང་བར་གྱུར་ན། གཟུགས་བགྱིས་པ་དེའི་མདུན་དུ་ཤིང
20b2 ཤུག་པའི་ཞུགས་བུས་གཞན་ཡང་དེ་བླངས་ནས་དུམ་བུ་སྟོང་རྩ་བརྒྱད་དུ་བཏུབས་ཏེ་དུམ་བུ་གཅིག་བླངས་ནས་ཡུངས་འབྲུའི་མར་མའི་བསྐུས་ཏེ། སྔགས་ལན་རེ་བཟླས་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱུའང་།
20b3 ཐམས་ཅད་བས་པའི་བར་དུ་བགྱིའོ།། གཞན་ཡང་སྐུད་པ་དམར་པོ་ལས་མདུད་པ་བདུན་མདུད་དེ་མདུད་པ་ལན་རེ་མདུད་ཅིང་། སྔགས་ལན་རེ་བཟླས་ནས་ནིང་གི་གོང་ན་མཆིས་པའི་གདོང་གི་སྤྱི་བོ་ལ་བཏགས་ན་རིམས
20b4 ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ། རིམས་ནང་ཞོ་ནས་སྔགས་དག་ཀྱང་དཀྲོལ་བར་འགྱུར་ལགས་སོ།། གཞན་ཡང་བློ་བུ་རུ་མཁའ་འགྲོ་མ་དང་། འབྱུང་པོ་ལ་སོགས་པའི་གདོན་གྱིས་ཟིན་ཏེ་བྲོ་འཚལ་བར་གྱུར་ན
20b5 ས་ཀུད་པ་དཀར་པོ་ལ་སྔགས་མདུད་ཉི་ཤུ་རྩ་གཅིག་མདུད་དེ་སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད་ནས་མདུན་གྱི་བྱམས་པ་དང་སྙིང་རྗེ་དང་ལྡན་པའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་དཀྲོལ་ནས
20b6 ནང་བའི་མགུལ་དུ་བཏགས་ན་བྲོ་ནད་སོས་པར་འགྱུར་ལགས་སོ། ། ཀལ་ཏེ་ལས་ཀྱི་སྒྲིབ་པ་ལྕི་བ་ཞིག་ལགས་ཏེ་སོས་པར་མ་གྱུར་ན་སྔགས་ཐག་དེ་བླངས་ནས་ཡང་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་སྔ་མའི་གཟུགས་ཀྱི་སྐུ
20b7 རོལ་གས་ན་སླར་ཀྲོལ་ནས་ནད་པའི་མགུལ་དུ་བཏགས་ན་ངེས་པར་འཚོ་བར་འགྱུ་ལགས་སོ། ། གཞན་ཡང་གང་ལ་ལ་ཞིག་ཐོན་རྒྱུན་རིམས་ཀྱིས་བཏབ་ནས་སྡུག་བསྔལ་ཞིང་སོས་པར་མབྷ
20b8 དྲ་གདད་པ་སྤས་པ་ཁྱལ་དུ་ཞུགས་པར་བླར་ན། ཀུན་ལུག་ཟར་འབྲམ་བུབརྒྱ་རྩ་བརྒྱད་གྲངས་ཏེ། གཟུགས་བགྱིས་པ་དེའི་མདུན་དུ་འབྲུམ་བུ་རི་ལ་སྔགས་ལན་བཏ་བ་ནས་ཞུགས་ཀྱི་ནང་དུ་དོང་བར་བརྒྱན
iiif viewer powered by OpenSeadragon
20a - 21a