| | e-texts navigator
|
263a1 བ་དང་། བརྩོན་འགྲུས་དང་བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ།། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཆོངས་པར་མི་འགྱུར་རོ།།
263a2 ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་ཡང་དག་པར་རྗེས་སུ་སོང་བ་ཞེས་བྱ་བའི་དེ་ཁོ་ན་ཉིད་དང་རབ་ཏུ་ལྡན་པར་འགྱུར་རོ།། བློ་གྲོས་དཔག་ཏུ་མང་བ་དང་ལྡན་པ་ཕུན་སུམ་ཚོགས་པར་འགྱུར་རོ།། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས
263a3 ཅད་ཀྱིས་རབ་ཏུ་དགོངས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་སེམས་པར་འགྱུར་རོ།། འཕགས་པ་དོན་ཡོད་པའི་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས་ཆེན་པོ་རྫོགས་སྷོ།། །
263a4 གཏི་སུའི་མ་དོན་ས་དུས་ག་ན་། ཤེས་ཀྱི་མ་ཤེགས་།། ས།། ཨཱ་ཨུ0f89ུ0f4་ཀྱི་སྤང་མ་ནས་ག་སུཾ་ཙླིཀྐི།། བོད་ག་དང། འཕགས་པསྤྱན་རས་གཟིགས་དབང་ཕྱུག་ཕྱག་སྷོ།
263a5 སྤྱན་སྟོང་དུ་སྤྲུལ་པ་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་ཐོགས་པ་མེད་པར་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།
263a6 བཅོམ་ལྡན་འདས་རི་བོ་ཏ་ལིའི་སྟེང་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཁང་པར་ནི་རིན་པོ་ཆེས་རྣམ་པར་བརྒྱན་པའི་ནང་ན་སེང་གེའི་གདན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ།། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱལ་མཚན་དང་། ལྷའི་བ
263a7 ངན་ལ་སོགས་པ་ལྷ་བ་ལྷུབ་ཀྱིས་ཀླུབས་པའི་ནང་ན་བཞུགས་ཏེ། དེའི་ཚེ་དེ་བཞིན་གཤེགས་པས་གཟུངས་སྔགས་ཀུན་ཏུ་འཛིན་པས་བཤད་པར་དགོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་དག
263a8 དང་ཐབས་གཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། ། བྱང་ཆུབ་སེམས་དཔའ་གཟུངས་འཛིན་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་བླ་དང་། བྱང་ཆུབ
iiif viewer powered by OpenSeadragon
262b - 263b