| | e-texts navigator
|
261b1 སེམས་དཔའ་ཆེན་པོ་སྟོང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་ཀུན་རས་གཟིགས་དང་ཕྱུག་ལ་ཕྱག་འཚལ་ལོ། ། ཨོཾ་ཨ་མོ་གྣ་པཱ་གས་ཧཱ་ཏཱན་པཱ་མི་ཏཱ་དྷ་པཱུ་ཡ་ཧཱུཾ། དར་དང་། བིབི་དྷ་། བ་ཙིཿ། སརྦ་སཏྭཱ་ཨུ་བ་བྷོག། སརྦཏྭ་ཐཱ་ག་།
261b2 མཧཱ་དཱ་ན། བུ་ཛ་མེ་གྷ་པྲ་བརྟ་ཡ། ཏ་ར་ཏ་ར། ཏ་ར་ཡ་མ་ཧཱ་པད་མ་ནི་ཧཱུ~ཾ་ཕཊ་སྭཱ་ཧཱ། འདི་ནི་དོན་ཡོད་པའི་ཞགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཆེན་པོ་སྟེ། གང་གིས་ཡུངས་འབྲུ་ཙམ་གྱི་སྦྱིན་པ་ཡང་བྱིན་ཏེ་དྲན་པ་ཙམ་གྱིས་ལན
261b3 བདུན་བཟླས་བརྗོད་བྱས་ན་མཆོད་སྦྱིན་ཆེན་པོ་རྣམ་པར་འཕྲུལ་པ་ཆེན་པོ་ཤིན་ཏུ་རྒྱས་པ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བྱང
261b4 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཨོཾ་ཨ་མོ་གྷ་ཤཱི་ལ། ས~ཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུད་དྷ་སཏྭ་པད་མ་བི་བྷུ་ཥི་ཏ། བྷུ་ཛ། དྷ་ར་དྷ་ར། ས
261b5 མན་ཏ་ཨ་བ་ལོ་ཀི་ཏི་ཧཱུ~ཾ་ཕཊ་སྭཱ་ཧཱ། གཟུངས་འདི་གསོ་སྦྱོང་གི་ཡན་ལག་བརྒྱད་བཟུང་ནས་བསྙུང་བར་གནས་པར་བྱས་ཏེ་མི་སྨྲ་བ་ལན་ཉི་ཤུ་རྩ་གཅིག་ཏུ་དྲན་པར་བརྗོད་པར་བྱའོ།། དེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་།
261b6 བཟླས་བརྗོད་བྱས་པ་ཙམ་གྱིས་མོད་ལ་ཚུལ་ཁྲིམས་དག་པ་ཆེན་པོ་དང་ལྡན་པར་འགྱུར་རོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ།། ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་མང་པོ་ལུས་ལ་འཐུང་ཞིང་ཕྱོགས་བཅུའི་འཇིག
261b7 རྟེན་དུ་གྲགས་པར་འགྱུར་རོ། ། གང་ཞིག་ཉི་མ་རེ་རེ་ཞིང་གཟུངས་འདི་དྲན་པར་བྱེད་ན་དེ་ནི་རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ།། དགེ་སློང་གང་ལ་ལ་ཞིག་ཚུལ་ཁྲིམས་ཞིག་ཅིང་ཉམས་པར་གྱུར་པས་བསྙུང་བར་གནས་པར
261b8 བྱས་ཏེ། གཟུངས་འདི་བཟླས་བརྗོད་བྱས་པ་ཙམ་གྱི་མོད་ལ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཞིང་། ཚུལ་ཁྲིམས་མང་པོ་དང་ལྡན་པར་འགྱུར་རོ།། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས
iiif viewer powered by OpenSeadragon
261a - 262a