e-texts navigator
Collection
Volume
Page
Wylie

7b1 སྙིང་པོ་ཡིས། ། ལག་གཉིས་མེ་ཏོག་བྱིན་ནས་ནི།། གོས་ཀྱིས་གདོང་ནི་གཡོགས་པར་བྱས།། དཀོན་མཆོག་གསུམ་ནི་དྲན་བྱས་ལ།། སློབ་དཔོན་གྱིས་ནི་བཞུགས་པར་བྱ།། རང་གི་སྙིང་པོས་མེ་ཏོག་ཉིད།། དཀྱིལ་འཁོར་དུ་ནི
7b2 གཏོར་དུ་གཞུག། དེ་ནས་བེ་ཅོན་ཞེས་པ་ཡི།། ཕྱག་རྒྱ་སྔགས་པས་དེ་ལ་བསྟན།། དཀོན་མཆོག་གསུམ་ནི་གསང་བ་ཡི།། དམ་ཚིག་དེ་ལ་སྦྱིན་པར་བྱ།། དེ་ནས་གྲུབ་པར་བྱ་བའི་ཕྱིར།། སྔགས་པས་ཆུ་དང་མེ་ཏོག་གིས།།
7b3 བོའི་གཙོ་བོའི་གསང་སྔགས་དག། དབང་བསྐུར་ནས་ནི་དེ་ལ་སྦྱིན།། དེ་ནས་ཁྲོ་བོ་སྙིང་པོ་ཡིས།། ཆོ་ག་བཞིན་དུ་དབང་བསྐུར་ནས།། མེ་ཏོག་བདུག་པའི་ཕྲེང་བ་ཡིས།། སྙིང་པོ་དེ་ལ་སྦྱིན་པར་བྱ།། ཁྲོ་བོ་ཡི་ནི་སྙིང
7b4 པོ་མཆོག། དེ་ནས་དེ་ལྟར་མནོས་ནས་ནི།། དེ་ནས་བླ་མ་ཕྱག་བྱས་ནས།། ཅི་ནུས་སྦྱིན་པས་མཆོད་པར་བྱ།། སྔགས་པས་བླ་མ་མཆོད་བྱས་ནས།། དངོས་གྲུབ་ཐོབ་འགྱུར་གཞན་དུ་མིན།། སློབ་མ་སྙིང་པོ་བྱིན
7b5 ནས་ཀྱང་། ། ཕྲེང་བ་ཙན་དན་ལ་སོགས་པས།། མཆོད་ནས་དེ་ཡི་འོག་ཏུ་ནི།། ཕྱི་རོལ་དུ་ནི་སྔར་བཞག་པའི།། དྲི་ཆུ་ལ་སོགས་བཀང་བའི་སྣོད།། དེ་བླངས་མཆོད་ཡོན་ཕུལ་ནས་ནི།། འཇམ་དབྱངས་ཁྲོ་བོ་མི་ཟད་པཱི།
7b6 མཐུ་རྩལ་དྲག་པོ་གཤེགས་སུ་གསོལ།། བཞུད་ནས་ཀྱང་ནི་ཡོན་ཆུ་དེ།། དཀྱིལ་འཁོར་ལ་ཡང་དབུལ་བར་བྱ།། རྒྱ་ཆེས་ཡི་དཀྱིལ་འཁོར་ན།། དངོས་གྲུབ་མཚུངས་མེད་འདོད་པ་ཡི།། རིག་སྔགས་འཆང་གིས་དེ་ལྟར་ནི།
7b7 མཆོད་པ་རྟག་ཏུ་ལེགས་པར་བྱ།། དེ་ནས་དངོས་གྲུབ་ཐོབ་པར་འགྱུར།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་རིམ་པར་ཕྱེ་བ་སྟེ།
7b8 གཉིས་པའོ།། །། དེ་ནས་གཞན་ཡང་གསང་སྔགས་རྣམས་འབྱུང་སྟེ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཔྲེ་ཏ་མུ་ཁ་ཁ་ད་ཀྵ་སྭཱ་ཧཱ། དབུས་ཀྱི་ཡི་དགས་ཀྱིའོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ་ཀྲོ་དྷ་བི་ཛ་ཡ། ཨག་ནིར




iiif viewer powered by OpenSeadragon

7a - 8a

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud