e-texts navigator
Collection
Volume
Page
Wylie

5b1 བའི་མཆོག། མདོར་ནི་རབ་ཏུ་བཤད་པར་བྱ།། དེ་ལ་འདིའི་དཀྱིལ་འཁོར་ནི།། དངོས་གྲུབ་ཐམས་ཅད་སྦྱིན་མཛད་པའི།། འཇིག་རྟེན་གསུམ་པོ་འཁྲུགས་པར་མཛད།། ཡི་དགས་མང་པོ་ཞེས་བྱའོ།། ཐམས་ཅད་དུ་ནི་དཀྱིལ་འཁོར།
5b2 འདི།། གནས་ན་གང་དུ་འགྲུབ་པར་འགྱུར།། སྔགས་པས་ཐོག་མ་ཉིད་དུ་ནི།། དེ་ཡི་གནས་ནི་བརྟག་པར་བྱ།། ཤིང་གཅིག་པ་འམ་དུར་ཁྲོད་དང་།། ཁྱིམ་སྟོང་དང་ནི་བཞི་མདོ་དང་།། མཆོད་རྟེན་དང་ནི་མུ་གཉིས་དང་།། ཐིབས་པོ
5b3 གཏོང་བ་ལམ་སྲང་རྙིང་། ། སྐྱེད་མོས་ཚལ་དང་རི་ཡི་རྩེ།། ཆུ་ཡི་འགྲམ་དང་ནགས་ཚལ་དང་།། ཡང་ན་མཚོ་ཡི་འགྲམ་དང་ནི།། ལྷ་ཆེན་གྱི་ནི་གནས་ཀྱང་རུང་།། བ་ལང་ལྷས་སམ་གཡུལ་གྱིས།། ཁྱད་པར་དུ་ནི་ཡུལ་གཙང་བར།།
5b4 གང་དུ་ཡིད་ནི་དགའ་བར་ཡང་།། དེས་ནི་དཀྱིལ་འཁོར་རབ་ཏུ་བྱ།། དེ་ནས་རིག་འཛིན་ནན་ཏན་གྱིས།། ས་ནི་ཡང་དག་སྦྱང་བྱ་སྟེ། བ་ཚ་མེད་ཅིང་མ་གས་པ།། མཉམ་ཞིང་ཟུག་རྔུ་མེད་པ་ལ།། ཤར་དང་བྱང་ནི་མཐོ་བ་དང་།། ཁ་དོག་སྣུམ
5b5 བ་ལྷག་པར་བཟང་། ། བ་ལས་བྱུང་བ་རྣམ་ལྔ་དང་།། ལྡན་པ་ཡི་ནི་ལྕི་བས་བྱུག། ཅི་རིགས་པར་ནི་བྱུགས་ནས་ཀྱང་།། སློབ་དཔོན་གྱིས་ནི་ཁྲུས་བྱས་ནས།། སྨྱུང་བ་བྱས་ཏེ་མཉམ་བཞག་ནས།། ཁྲོ་བོའི་བསུང་བས་བྱིན་གྱིས་བརླབ།།
5b6 ཡི་དགས་བལ་ཆེན་ཞེས་བྱ་བའི།། དཀྱིལ་འཁོར་གསུང་མཆོག་ནུབ་མོ་བྲི།། ཟར་མའི་རས་སམ་རས་བལ་ལས།། ཐིག་སྐུད་གསུམ་སྒྲིལ་མཛེས་པ་ཡི་ས།། གྲཝ་བཞི་དང་ནི་སྒོ་བཞི་པར།། མཁས་པས་དཀྱིལ་འཁོར་ཐིག་བཏབ་སྟེ
5b7 ཐོག་མར་ཤར་དང་བྱང་ནས་ནི། ། ལྷོ་དང་ནུབ་ཀྱི་བར་དུའོ།། ཐིག་སྐུད་དེ་ནི་ཕྱོགས་མཚམས་ནས།། དེ་ནས་ཀྱང་ནི་དྲང་བར་བྱ།། ཤར་དང་ལྷོ་ཡི་མཚམས་དང་ནི།། ནུབ་དང་བྱང་གི་མཚམས་དག་ཏུ།། ཐིག་གིས་རབ་ཏུ་ཚད་བྱས་སྟེ།
5b8 གྲུ་བཞི་པོར་ནི་ཐིག་གདབ་པོ།། རིམ་པ་གཅིག་པ་མཛེས་པ་ལ།། སྒོ་བཞི་དག་གིས་མཛེས་པར་བྱ།། ལྷོ་ཕྱོགས་ཀྱི་ནི་སྒོ་ཕྱེ་ལ།། ལྷག་མ་རྣམས་ནི་གཅད་པར་བྱ།། དཀྱིལ་འཁོར་དང་ནི་མཚམ་པ་ཡི།། དབུས་སུ་པད་མ་བྲི་བར




iiif viewer powered by OpenSeadragon

5a - 6a

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud