e-texts navigator
Collection
Volume
Page
Wylie

58b1 པ་ཚེ་དཔག་མེད་དང་། དེ་བཞིན་གཤེགས་པ་མར་མེ་མཛད་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། གཞན་ཡང་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སྔོན་ཆད་གསུངས་ཏེ། ངས་ཀྱང་ཁྱེད
58b2 རྣམས་ལ་བཤད་ཀྱིས། སེམས་ཅན་ཐམས་ཅད་རྗེས་སུ་བཟུང་བའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག། ཕྱེ་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་ཐམས་ཅད་ཆོས་དང་མི
58b3 ལྡན་པ་མཚམས་མེད་པ་བྱེད་པ་དང་། དམ་པའི་ཆོས་ལ་སྨོད་པ་དང་། མཆོད་རྟེན་འདྲལ་བ། དགེ་འདུན་གྱི་རྫས་ལ་རྐུ་འཕྲོག་བྱེད་པ་དང་། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་དང་། སློབ་དཔོན་དང་། མཁན་པོ་སྤོང་བ་དག
58b4 འབྱུང་སྟེ། དེ་དག་རྗེས་སུ་གཟུང་བའི་ཕྱིར་ཅན་དན་གྱི་ཡན་ལག་གི་གཟུངས་ཀྱི་གསང་སྔགས་གཞི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འདི་བཤད་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ང་ལ་ཉོན་ཅིག། དེ་ནས་བྱང་ཆུབ་སེམ
58b5 དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བསྐུལ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་གཞན་ཡང་སེམས་ཅན་ཁྲག
58b6 ཁྲིག་ཕྲག་འབུམ་རྣམས་ལ་ཐུགས་བརྩེ་བ་དང་། སྡིག་པ་བྱང་བར་བགྱི་བའི་སླད་དུ་བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་བཞིན་གཤེགས་པ་བཤད་དུ་གསོལ། བདག་ཅག་གིས་ཀྱང་གཟུངས་ཀྱི
58b7 གཟུང་སྔགས་གཞི་དེ་དག་གཟུང་བར་བགྱི་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱ་ཆེར་ཡང་དག་པར་བཤད་པར་བགྱིའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཏད་ཡ་ཐཱ། ཙི་རཱ་ཏ། མ་རཱི་ཙཱི་ཀི་དུ་རང
58b8 མེ། ། དུར་དན་ཏེ། དུ་ར་རཱ་ནུ་པྲ་བིཥྚཾ། ཙན་ད་ནཱ་ད་ག་ཛ། ས་མན་ཏ་པ་རི་ཤོ་དྷ་ནི། བི་ཤུད་དྷ་ཤཱི་ལེ། ཙ་རིད་ཏྲ་བ་ཏི། ཨ་ན་ཙེདྱ་པྲ་ཏི་བྷ་ནེ། སརྦ་བུ་ད་དྷ་ཨ་དྷིཥྛི་ཏ། བྷ་ག་བ་ཏི། པཱ་པ་ཀྵ་ཡ། ཨ་ཤཱ་མེ་པ་རི་པུ་རཱ་ཡ་སྲཱ་ཧཱ། རིགས་ཀྱི་བུ་ཕོ




iiif viewer powered by OpenSeadragon

58a - 59a

Texts on this page

Q293 - 'phags pa tsan+dan gyi yan lag ces bya ba'i gzungs