| | e-texts navigator
|
57a1 ཏ་མ་འོན་ཏེ་ཀློག་ན་ཡང་། ། དེའི་འཇིགས་པ་ཀུན་མེད་དེ།། རྟག་ཏུ་བསྲུང་ཞིང་སྦ་བ་དང་།། གཡུལ་འགྱེད་པ་ན་རྒྱལ་བར་བྱེད།། སྡིག་དང་རྨིང་ན་ཞི་བ་དང་།། བསོད་ནམས་བཀྲ་ཤིས་རབ་ཏུ་འཕེལ།། ལྷ་ཡི
57a2 དབང་པོ་དེ་བས་ན། ། གང་ཞིག་རྒྱལ་བར་འགྱུར་འདོད་པས།། བྲིས་ཏེ་སྤྱི་བོར་གདགས་པར་བྱ།། ཡིད་ལ་རྟག་ཏུ་དྲན་པར་གྱིས།། གཡུལ་འགྱེད་འབའ་ཤིག་མ་ཡིན་ཏེ།། འདི་ནི་རྟག་ཏུ་སྡིག་པ་འཕྲོག། བུད་མེད་རྣམས་ལ་བུ་པོ་སྐྱེད།།
57a3 མངལ་ན་གནས་པ་ཡོངས་སུ་སྐྱོང་།། ཕུན་སུམ་ཚོགས་པ་ཐམས་ཅད་བྱེད།། སྡིག་པ་ཐམས་ཅད་རབ་ཏུ་འཇིག། འདི་མིང་ཕྱིར་ཟློག་བྱེད་ཅེས་བྱ།། ཡན་ལག་རྣམས་ལ་ཕྱིར་འབབ་བྱེད།། ལྷའི་དབང་པོ་ཕྱིར་ཟློག་པ་ཞེས་བྱ་བ་རིག
57a4 སྔགས་ཀྱི་རྒྱལ་མོ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད། ། ལྷ་མ་ཡིན་རྣམས་ཕམ་པར་བྱེད་པ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཟུང་ཤིག་སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།།
57a5 དགེ་འདུན་ལ་ཕྱག་འཚལ་ལོ།། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ།། ཏད་ཡ་ཐཱ། ཨོཾ་ཛ་ཡ་ཀ་རི། ཡུད་དྷོ་ཏར
57a6 ནི་པི་ཙིང་ཏྲ་མུ་ཁི། སརྦ་མཾ་ག་ལ་དྷཱ་ར་ཎཱི། ཛཱི་མཱ་ཏེ་ས་ཧ་སྲ་བྷུ་ཛེ། ས་ཧ་སྲ་ནིཿ། ས་ཧ་སྲ་ཤི་རེ། ནཱན་ལང་ཀ་ར། བྷི་བྷ་ཥི་ཏེ། མ་ཎི་ཀུན་དྱ་ལ་ས་ན་ནཱ་ཧ་ས་ན་དན་དྷེ་བི་ཙིད་ཏྲ་མཽ་ལི་དྷ་རི། ཙན་དྲ་སཨཱརྱ་ཨ་ཏི་རེ་ཀ་ཨ་ཀ་ཤ་ག་ག་ན་ཙ་ར་ནི།། མཾ
57a7 གལ་ཤི་རི་ཛཱི་མཱ་དེ། བ་པིད་ཏྲ་ཀྲི་ཏ་མཾ་ག་ལེ། བཱ་རི་མ་དྷཱ་ཀ་ར་ཎེ། ཙུ་རུ་ཙུ་ར། ཤྭེ་ཏེ་བསྟཱ་མུ་རུ་མུ་རུ་ཤེ་ཏ། ཨ་བ་ནད་ཏེ། དུ་རུ་དྷ་རྲ། བ་བིད་ཏྲ་མུ་ལི། ཀུ་རུ་ཀུརུ། ཙན་དྲ་མུ་ལི། ཨཱ་དིང་ཏྱ་བ་ཤ་བིརྦ་ནི། ཛཾ་བྷ་ནི། མཾ་ག་པདྷཱ་རཎཱི་སྟཾ་བྷ་ནི། སརྦ
57a8 བིདྱཱ་དྷརྨཱ་ཏེ། མོ་ཧ་ནི། ཨ་མོ་གྷ་བཱ་ཤ་ཧཀྟེ། སརྦེ་བྷ་ཡ་བ་མོ་ཙ་ནི། ར་ཛ་ཙ་ར། ཨ་ག་ནི་བི་ཤ་ཨུ་ཏ་ཀ་བྷ་ཡ་པྲ་ཤ་མ་ནི་ཀ་ཁོར་རྡ་ནི་བ་ར་ནི། ཨོཾ་ཧི་རི་ཏི་རི། ཛ་ཡ་ཀ་རི། བ་ལ་ཀ་རི། དྷ་ན་ཀ་རི། ཏེ་ཛ་ཀ་རི་བི་བཱ་ད། པྲ་ཤ་མ་ནི་ཡུད་དྷ་ནི། ཥཱར
iiif viewer powered by OpenSeadragon
56b - 57b