e-texts navigator
Collection
Volume
Page
Wylie

4b1 པའི་དབྱངས་ཀྱི་ནི། ། ཁྲོ་བོ་འདི་མིང་གཤིན་རྗེ་གཤེད།། མཚོན་ཆ་མེ་ལྕེ་འབར་བས་འཁྲུགས།། དྲག་ལ་མཐུ་རྩལ་དྲག་ལྡན་པ།། དེ་མཐོང་ནས་ནི་ཁྲོ་བོ་གཞན།། ཐམས་ཅད་ཀྱི་ནི་ལག་ཆ་ཤོར།། དེ་བཞིན་དུ་ནི་འཇིག་རྟེན་པའི།། ལྷ
4b2 རྣམས་ལུས་ཀྱིས་འདུད་པར་བྱེད། ། གཞན་ཡང་ཐལ་མོ་སྦྱར་བྱས་ཏེ།། སྐྲག་ནས་བསྟོད་པ་མང་པོ་བྱེད།། ལྷ་རྣམས་མང་པོ་ཇི་སྙེད་ཀུན།། འཇམ་དཔལ་ཁྲོ་བོའི་གཟི་བརྗིད་ཀྱིས།། གཟིར་བཞིན་དུ་ནི་རབ་སྨྲས་པ།། བཅོམ་ལྡན
4b3 བདག་ཅག་སངས་རྒྱས་དང་། ། ཆོས་དང་དགེ་འདུན་སྐྱབས་མཆིས་ཀྱིས།། རབ་ཏུ་མི་བཟད་འཇིགས་པའི་གཟུགས།། གཟི་བརྗིད་འབར་བས་ཕྱོགས་ཁྱབ་པ།། ཁམས་གསུམ་འཁྲུགས་པར་མཛད་པ་མཐོང་།། གང་ཚེ་ལྷ་དང་ལྷ་མིན
4b4 རྣམས། ། སྐྲག་ནས་སྐྱབས་སུ་དོང་བ་ན།། དེ་ཚེ་འཇམ་པའི་དབྱངས་ཀྱི་ནི།། ཁྲོ་བོ་སླར་ཡང་ཞི་བར་འགྱུར།། གཤིན་རྗེ་གཤེད་ཅེས་བྱ་བ་ཡི།། ཁྲོ་བོ་ཆེན་པོ་ཞི་བ་ལ།། དེ་ནས་སྐྱབས་སུ་དོང་བ་ཡི།། ལྷ་རྣམས་ཀུན་གྱིས་ཞུས་པ་ནི།།
4b5 ཁྱོད་ཀྱི་བརྩོན་འགྲུས་མཆོག་འཚལ་བས།། ཅི་ལྟ་བུར་ན་མཉེས་པར་བགྱི།། ཅི་ལྟར་ཡང་ནི་དད་པར་འགྱུར།། བདག་ཅག་ཐེ་ཙོམ་ཆེན་པོ་མཆིས།། ཁྲོ་བོས་ལྷ་རྣམས་ཚིག་གསན་ནས།། གཤིན་རྗེ་གཤེད་ཀྱིས་བཀའ་སྩལ་པ།།
4b6 ལྷ་རྣམས་ཐམས་ཅད་ཁྱོད་ཉོན་ཅིག། ང་ནི་དུས་གསུམ་སྔོན་དུ་འབྱུང་།། སངས་རྒྱས་ཀུན་གྱི་སྔོན་དུ་བྱུང་།། ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང་།། ང་ནི་དུས་གསུམ་ད་ལྟར་འབྱུང་།། ང་ནི་ལྔ་བརྒྱ་ཐ་མའི་ཚེ།། ངའི་བསྟན་པ་འབྱུང་བར
4b7 བྱེད། ། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། ང་ཡི་བསྟན་པ་འབྱུང་བར་བྱེད།། ལས་ངན་མཚམས་མེད་བྱེད་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། ཟས་ངན་ལྕི་བ་ཟ་བའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། གོས་ངན་དུག་ཧྲུལ་གྱོན
4b8 པའི་ཚེ། ། དེ་ཚེ་ང་ཡི་བསྟན་པ་འབྱུང་།། ང་ནི་དུས་གསུམ་འབྱུང་བའི་སྐུ།། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། ཇི་ལྟ་བུར་ནི་ཞིང་འགྱུར་ཡང་།། ད་ནི་ཐམས་ཅད་ཞི་བའི་སྐུ།། ཇི་ལྟ་བུར་ནི་ཁྲོས་གྱུར་ཡང་།།




iiif viewer powered by OpenSeadragon

4a - 5a

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud