| | e-texts navigator
|
46a1 བུལ། ། ས་བེན་གྱིས་ནི་བསྐལ་བའི་ཞལ།། དྲིལ་བུའི་ས་བོན་དྲུག་རྣམས་ཀྱིས།། སྒྲ་དེ་རྣམས་བཞིན་སྒྲོགས་པར་བརྟག། འདི་ནི་ཁྲོ་བའི་ཞལ་ཡིན་གསུངས།། འདི་ནི་ཐོག་མ་ཉིད་ཀྱིས་གཟུགས།། དེ་ཡི་མཐུ་ཡང་ཅི་དྲ་།།
46a2 ཚུལ་བཞིན་དུ་ཡང་འདིར་བཤད་དོ།། གང་གིས་དྲན་པ་ཙམ་གྱིས་ནི།། བདུད་དཔུང་གདྲུག་པའི་གདོན་ལ་སོགས།། མཐུརྩལ་གནོད་པས་ཉམས་ནས་སུ།། འཇིགས་ཤིང་དཔའ་སོང་བྱེད་པར་འགྱུར།། ཟུང་ཤིག་པ་ཡི་ཚིག་གཉིས་ལྡན།།
46a3 ཞལ་ཡང་གདངས་ཤིང་འབར་བ་ཅན།། སྙིང་པོ་དག་པར་རབ་ཏུ་གཞག། མཚོན་ཆ་འདེབས་པའི་མཐུ་རྩལ་ཅན།། དེ་ལྟར་ཁྲོ་བོ་རྒྱལ་བའི་གཟུགས།། ས་བོན་ཞེས་སུ་བྱ་བ་ཡི།། སྔགས་ཀྱི་དངོས་པོ་ཤེས་ནས་ནི།། སྔགས་པས་དངོས་གྲུབ་མ
46a4 པར་འགྱུར། ། མཚོན་ཆ་འཕངས་པ་ཙམ་གྱིས་ནི།། དེ་ཡིས་ཀུན་དུ་བསྲུང་བར་བྱ།། ས་བོན་བཀོད་པའི་ཚུལ་བཞིན་དུ།། བདག་གི་ལུས་ལ་སྦྱར་བར་བྱ།། གཟུགས་ནི་གཟུགས་ལ་བཞག་ནས་སུ།། མཚོན་ཆ་དེ་ཉིད་ལག་ན་ཐོགས།། ས་བོན་ནས
46a5 ཀྱང་ཁར་བཞག་སྟེ། ། རྐང་པ་གཉིས་ཀྱང་འཚམ་ངམ་བྱ།། དེ་ནས་ཀུན་དུ་ཁྲོས་ནས་སུ།། རང་གི་ས་བོན་དགོད་པར་བྱ།། ཐོག་མ་བདག་ལ་མ་གཡེངས་པར།། བསྲུང་བ་དེ་ལྟར་བྱས་ནས་སུ།། དཀྱིལ་འཁོར་དུ་ནི་སྤྱན་དྲངས་ཏེ།། དེ་ནས་མདུན་དུ
46a6 མཆོད་པ་བྱ། ། སྔགས་ཀྱི་སྙིང་པོ་ཐ་མ་ལ།། ཚུར་གཤེགས་པ་ཡི་ཚིག་གཉིས་དང་།། རྟག་ཏུ་ལྡན་པར་བྱས་ནས་སུ།། སྤྱན་དྲང་བ་དག་བྱ་བར་བཤད།། མེ་ཏོག་དག་གི་གདན་འདི་ལ།། བཞུགས་སུ་གསོལ་ཞེས་རྟག་ཏུ་བྱ།། དེ་ལྟ་བུར་ནི
46a7 སྤྱན་དྲངས་ནས། ། མེ་ཏོག་དག་གིས་སྔ་མ་བཞིན།། བཞུགས་ཤིག་པ་ཡི་ཚིག་གཉིས་ཀྱིས།། ཚེག་བཞིན་དུ་བཞུགས་སུ་གསོལ།། ཁྲོ་བོའི་རྒྱལ་པོ་དེ་ལ་ནི།། བཞུགས་པར་བྱ་བསྟན་པ་ཡིན།། མེ་ཏོག་སྔགས་ཀྱིས་བཏབ་པ་ཡིས།། དེ་ལྟར
46a8 བཞུགས་པར་བྱས་ནས་སུ། ། ཨརྒ་འདི་ནི་བཞེས་ཤིག་ཅེས།། ཚིག་གི་མཇུག་དུ་བརྗོད་ནས་སུ།། སྤོས་ཆུ་མེ་ཏོག་སྦར་བ་ཡི།། ། ཨ་རྒ་དེ་ལ་དབུལ་བར་བྱ།། མེ་ཏོག་དག་གིས་ཕུལ་བ་འདི།། བཞེས་སུ་གསོལ་ཞེས་བརྗོད་ནས་སུ།།
iiif viewer powered by OpenSeadragon
45b - 46b