e-texts navigator
Collection
Volume
Page
Wylie

43b1 བོ་ཅི་སྲིད་འདོད་པར་ནི། ། འདི་རུ་ལས་རྣམས་བྱེད་པར་འགྱུར།། ལྷ་རྣམས་དག་ནི་ཐམས་ཅད་ཀྱང་།། གནོད་སྦྱིན་ལ་སོགས་བསྒྲུབས་བཤད་ཟིན།། འདི་ཡི་ཆོ་ག་ཕྱི་མ་ཡི།། ཕྱི་མ་དག་ཀྱང་བཤད་པར་བྱ།། རི་མཆོག་དག་གི་རྩེ་མོ་ལ།
43b2 ཡི་དགས་མང་པོའི་དཀྱིལ་འཁོར་བྲི།། ཡི་དགས་དཀྱིལ་འཁོར་བྲིས་ནས་ཀྱང་།། ཀུན་ལ་ཤ་ཡི་གཏོར་མ་བྱ།། གྲོགས་པོ་སེམས་ན་དཔའ་བ་དང་།། ཡོན་ཏན་ལྡན་ཞིང་བཟོ་བ་དང་།། མི་རོའི་གོས་ལ་བྲིས་པ་ཡི།། རི་མོ་བཞག་ལ་དེ་ནས་སུ།།
43b3 བདག་གི་ཡན་ལག་ཐམས་ཅད་ལས།། རུས་པ་དག་གིས་ཁྲག་བྱུང་སྟེ།། མི་ཡི་ཐོད་པའི་ནང་ང་བཞག། ལུས་ལ་ཁྲག་ནི་ཅི་བྱིན་པ། མི་རོ་སྒྲ་ཡི་བིར་དག་གིས།། དེ་ནས་དེ་ཡི་ལུས་ངག་དང་།། མིག་ཀྱང་རབ་ཏུ་གསལ་བར་བྱ།། དེ་ལ་བགེས
43b4 ཀྱང་མང་དུ་འགྱུར། ། དེ་ནི་དཔའ་བོས་བཤད་པར་གསུངས།། དཔའ་བོ་དག་གི་ས་ལས་ཀྱང་བྱ།། དེ་ཡི་འོག་དུ་བཟོ་བོ་ལ།། དཔའ་བོ་དག་གིས་ཡོན་ཡང་འབུལ།། དེ་ཉིད་ཡོངས་སུ་རྫོགས་པར་ནི།། གྱུར་གྱི་བར་དུ་ཚུལ་བཞིན་གྱིས།
43b5 ཐ་མར་དཔའ་བོ་གཅིག་པུ་དེ།། རི་མོ་མཚན་མོ་རབ་འབར་རམ།། ཡང་ན་དགོད་དམ་གཡོ་ཡང་རུང་།། དེ་ནས་དངོས་གྲུབ་ཐོབ་པར་བཤད།། རི་མོ་རེ་ནི་བླངས་པ་ཡིས།། ནམ་མཁར་འཕར་བ་གདོན་མི་ཟ།། དཔལ་ལྡན་ཐོགས་པ
43b6 མེད་པར་འགྲོ། ། མཚན་མོ་ཉི་མ་བཞིན་དུ་འབར།། དཔའ་བོ་དག་གིས་བསྒྲུབ་པ་འདི།། རིག་འཛིན་ཀུན་གྱི་ཐོག་མར་འགྲོ།། གྲུབ་པ་དེ་ལ་ལྷ་རྣམས་ཀྱང་།། གདོན་མི་ཟ་བར་ཕྱག་འཚལ་འགྱུར།། རེག་འཛིན་རྣམས་ནི་ཐམས་ཅད་ཀུན།།
43b7 ཀུན་དུ་བཀུར་བའི་རྒྱལ་པོར་འགྱུར།། ཡང་ན་ཆོག་ཤེས་པའི་རྒྱལ།། རི་མོ་ཞི་བ་སྔོན་བཞིན་དུ།། བླངས་ཏེ་བསྲེགས་པའི་སྟེང་དུ་གཞག། དེ་ནས་བསྲེགས་པ་དེར་འདུག་ནས།། གཅིག་པོ་རལ་གྲི་བླངས་ནས་སུ།། མཚན་མོ་གཤིན
43b8 རྗེ་གཤེད་བཟླས་པ། ། འབར་བར་འགྱུར་གྱི་བར་དུ་འམ།། དུ་བའང་ཚ་བའི་བར་དུ་བཟླས།། འབར་བར་གྱུར་པ་དཔལ་དང་ལྡན།། རིག་འཛིན་དུ་ནི་དེ་འགྱུར་རོ།། དུ་བ་བྱུང་བས་མི་སྣང་བ།། ནམ་མཁར་འགྲོ་བའི་མཆོག་དུ་འགྱུར།། དེ




iiif viewer powered by OpenSeadragon

43a - 44a

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud