e-texts navigator
Collection
Volume
Page
Wylie

41a1 སྤྱན་ཡང་འཇིགས་པར་གཟིགས། ། ཁྲོས་ཤིང་ཞལ་ཡང་བགྲད་པ་སྟེ།། འཇིགས་འཇིགས་བལྟ་ལ་འཇིགས་པར་གནོན།། སྤྱན་གསུམ་སྒྲ་ཡང་གྱེན་དུ་བརྫེས།། ཚེམས་ཀྱིས་སྤྲོས་མནན་འཇིགས་འཇིགས
41a2 བལྟ། ། བཅཝ་བརྒྱད་ཕྱག་ནི་དྲན་ལ་བྱ།། ཞབས་ཀྱང་རབ་ཏུ་འབར་བ་དྲུག། མི་རོ་མགོ་མེད་ཕྲེང་བ་ཡི།། སེ་རལ་ཁ་ཡི་རྒྱན་དུ་བྱས།། མདུང་ཐུང་ཐོ་བཞགས་པ་ཡི།། ། རལ་གྲི་ལྕགས་ཀྱུ་མཚོན་ཆ་ཐོགས།། ཤུལ་རྡོ་རྗེ་དབྱུག་ཐོ
41a3 དང་། ། བེ་ཅོན་མཚོན་ཆ་རྣམས་དང་ནི།། དེ་ལྟར་གཡས་པའི་ཕྱག་ན་བསྣམས།། གཡོན་པས་བསྡིགས་ཤིང་དྲིལ་བུ་དང་།། ཐོད་པ་བཟང་པོ་ཁ་ཏྲྀ་ག། མི་མགོ་རློན་དང་ཀེང་རུས་དང་།། འཇིགས་པའི་མི་རོ་དབྱུག་ཏོ་འབར།། དེ་དག
41a4 ཕྱག་ན་རྟག་ཏུ་ཐོགས། ། ཁྲོ་བོ་གཤིན་རྗེ་གཤེད་པོ་ནི།། ཤི་བའི་རོའི་སྟེང་ན་བཞུགས།། འཇིགས་པ་མཚོན་གདེངས་འཇིགས་འཇིགས་བལྟ།། དུར་ཁྲོད་ན་ནི་རྟག་ཏུ་བཞུགས།། སྦྲུལ་དང་སྲིན་པོ་ཐམས་ཅད་འཇོམས།། ལྷ་རྣམས་ཀུན
41a5 གྱིས་ཕྱག་བྱས་ཤིང་། ། ཁྲོ་བོ་ཐམས་ཅད་ལེགས་པར་འདུད།། སྐུ་ནི་རབ་ཏུ་འབར་བ་ཅན།། འཁྲུག་ཅིང་རབ་ཏུ་ཟ་བ་རྣམས།། སྟག་ལྤགས་ན་བཟའ་མནབས་པར་དགྱེས།། འཇིག་རྟེན་ལྷ་ནི་ཁྲོ་བོ་རྣམས།། མཚོན་ཆད་ནི་མཐུ་སྤངས་ནས།། རྗེས་སུ
41a6 འབྲང་ཞིང་ཕྱག་བྱས་པའི། ། ཁྲོ་བོ་གཤིན་རྗེ་གཤེད་དྲན་བྱ།། དེ་ལྟར་འཇིགས་མེད་བྱས་ནས་སུ།། བདག་གི་སྔགས་ཀྱིས་དྲན་བྱས་ནས།། སྤྱན་དྲངས་ཙན་དན་གྱིས་བསྐུས་ནས།། མེ་ཏོག་མང་པོས་མཆོད་པར་བྱ།། རྟག་ཏུ་རིག་པ་འཛིན་པ
41a7 ཡིས། ། ཙན་དན་དམར་པོ་དབུལ་བར་བྱ།། བདུག་པ་དང་ནི་གཏོར་མ་ཡིས།། རིམ་པ་བཞིན་དུ་མཆོད་ནས་ནི།། སློབ་མཐེ་བོའི་སྔགས་དག་དང་།། སངས་རྒྱས་སྤྱན་གྱི་སྔགས་དག་གིས།། བཙུང་ནས་མེ་ཏོག་མདོར་དུ་གཞུག། དེ་ནས་རིག
41a8 འཛིན་དཔལ་དང་ལྡན། ། བདུད་རྩི་ཐབས་སྦྱོར་བཟླས་ནས་སུ།། ཕྲེང་བ་ཙན་དན་དཀར་ལ་སོགས།། མཆོད་པ་བྱས་ནས་སློབ་མ་ལ།། དེ་ནས་སངས་རྒྱས་སྤྱན་ཡང་བཟླས།། ཁྲོ་བོ་གཤིན་རྗེ་གཤེད་པོ་ནི།། འཇིགས་པ་ཕ་རོལ་གནོན་པ་སྦྱི།




iiif viewer powered by OpenSeadragon

40b - 41b

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud