e-texts navigator
Collection
Volume
Page
Wylie

33b1 རྟེན་ལས་བྱ་ཞིང་། ། དེ་བཞིན་དམ་པའི་ཆོས་ཀྱང་ཀླག། དགེ་བ་ཅུང་ཟད་གཞན་དག་ཀྱང་།། ཆུང་ངུ་ཟིན་ཀྱང་འདི་ཉིད་ལ།། དངོས་གྲུབ་མཆོག་ནི་ཐོབ་འདོད་པས།། རྟག་ཏུ་སེམས་ཅན་རྣམས་ལ་བསྔོ།། དེ་ལྟར་འདི་ནི་བྱང་ཆུབ
33b2 སེམས། ། ཆོས་ཀྱི་དོན་དུ་ཡུལ་དུ་འགྱུར།། བྱང་ཆུབ་སེམས་དཔའ་ཉེར་བསྙེན་པའི།། མཚན་ཉིད་རྣམས་ཀྱང་རབ་ཏུ་བསྟན།། དེ་ལྟར་བློ་གྲོས་བསྟན་བྱས་ནས།། དགེ་བ་དག་ནི་སྤེལ་བར་བྱ།། དགེ་བ་དག་ཀྱང་སྤེལ་ནས་སུ།།
33b3 སེམས་ཅན་རྣམས་ལ་ཡོངས་སུ་བསྔོ།། སྔགས་པ་བདེ་གཤེགས་སེམས་ལྡན་གང་།། དེ་ལྟ་བུར་ནི་རྟག་པ་རུ།། སེམས་ཅན་ཀུན་ལ་ཕན་བྱས་ནས།། ཞི་བ་དང་ནི་རྒྱས་པ་འཕེལ།། ཐོག་མར་དཀོན་མཆོག་གསུམ་པོ་ལ།།
33b4 མཆོད་པ་སྣ་ཚོགས་བྱས་ནས་སུ།། དེ་ཡི་འོག་ཏུ་ཁྲོ་བོ་མཆོག། གཤིན་རྗེ་གཤེད་ལ་མེ་ཏོག་ནི།། དཀར་པོ་མཆོག་གིས་མཆོད་པ་བྱ།། མཆོད་པ་བྱས་ནས་འདི་དག་ཏུ།། ཆོ་ག་བཞིན་དུ་བཟླས་པ་བྱ།། བདེ་ཞིང་སྟན་ལ་བདེར་བདུག
33b5 ལ། ། རབ་ཏུ་དང་ཞིང་བདེ་གཤེགས་སེམས།། དེ་ཡི་མིང་སྨོས་ཞི་འགྱུར་ཞེས།། ཁྲོ་བོའི་ཚིག་གིས་མཐར་སྦྱར་ཏེ།། བཽ་ཥ་ཊ་དག་ཀྱང་ཐ་མར་སྦྱར།། གང་ཡང་རུང་བ་ཞིག་ལ་ནི།། དེ་ལྟར་སྟོང་དུ་བཟླས་པ་བྱ།། ཡུལ་དང་ཡུལ་གྱི
33b6 ཕྱོགས་རྣམས་དང་། ། རྒྱལ་པོ་དག་ལ་ཉིས་འགྱུར་བྱ།། རྟ་རྣམས་དང་ནི་གླང་པོ་དང་།། བ་གླང་དག་ལ་སྟོང་དུ་བཟླས།། ར་ལུག་དང་ནི་མ་ཧེ་ལ།། རྟག་པར་སྣོད་དུ་བཟླས་པར་གསུངས།། ཡང་ན་ལུས་ཅན་ཐམས་ཅད་ལ།
33b7 བཟླས་པ་དག་ནི་བྱས་ནས་ཀྱང་།། བྱང་ཆུབ་སེམས་དང་ལྡན་པ་ཡིས།། ཞི་བའི་མཆོག་ཏུ་ངེས་པར་འགྱུར།། དེ་བཞིན་དུ་ཡང་རྒྱས་གྱུར་པ།། ཁྱད་པར་དུ་ནི་མེ་ཏོག་མཆོག། དཀར་པོ་ཙན་དན་གྱིས་སྐུས་པ།། བཟླས་ཤིང
33b8 བཟླས་པའི་ཆོ་ག་བཞིན། ། འཇམ་དཔལ་ཁྲོ་བའི་སྤྱན་སྔར་ནི།། འོ་མས་གང་བའི་སྣོད་དུ་དབུལ།། སྟོང་གིས་རབ་ཏུ་རྒྱས་པར་འགྱུར།། སྙིང་ལ་རབ་དུ་དགའ་འགྱུར་བའི།། རྒྱས་པ་དེ་དག་བྱ་འདོད་ན།། གང་ཡང་རུང




iiif viewer powered by OpenSeadragon

33a - 34a

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud