e-texts navigator
Collection
Volume
Page
Wylie

32b1 རྗེགཤེད། ། སྔགས་ཀྱི་མཐའ་མར་མིང་བཅུག་སྟེ།། ཆེ་གེ་མོ་ཞིག་སོད་ཅིག་ཅེས།། ཧཱུཾ་དང་ཕཊ་ཀྱིས་མཐའ་བརྟེན་ཏེ།། ཁྲི་དག་ཡོངས་སུ་ཚང་བར་ནི།། གལ་ཏེ་དེ་ལྟར་བཟླས་བྱས་ན། ལས་དེ་ཡིས་ནི་འཆི་འགྱུར་ཏེ། འདི་ལ་རྣམ་པར
32b2 དཔྱོད་མི་དགོས། ། རྟག་ཏུ་བདེ་གཤེགས་བསམ་པར་བྱའི།། ངན་པའི་སེམས་ཀྱིས་ཡོད་མི་བྱ།། དེ་ཡི་སྙིང་ལས་སྡུག་བསྔལ་དག། བསྐྱེད་ནས་འདོག་པ་མ་གཏོགས་སོ།། ཞི་བ་དག་གི་ཆོ་ག་ཡིས།། དེ་ནས་ཞི་བ་དགེ་བར་བྱ།། ཅི་ལྟར
32b3 ཅི་སྐད་གསུངས་པ་འདི། ། མངོན་པར་སྤྱོད་པ་ཡོད་མི་བྱ།། སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར།། བདེ་གཤེགས་བསམ་པས་བྱ་བར་བསྟན།། དེ་བཞིན་གཤེགས་པ་ཅི་གསུངས་པའི།། དེ་བཞིན་དངོས་གྲུབ་ཐོགས་མེད་པའི།།
32b4 དངོས་གྲུབ་འདོད་པས་ཐོབ་འདོད་ན།། དེ་ལྟར་ཁྲོ་བོ་སེམས་མི་བྱ།། བདེ་གཤེགས་བསམ་པ་གང་མེད་པ།། དེ་ནི་དངོས་གྲུབ་ཉམས་པར་འགྱུར།། མདོར་ན་བྱང་ཆུབ་སེམས་མེད་པ།། འཇམ་དཔལ་ཁྲོ་བོ་གཙོ་བོ་ཡིས།།
32b5 བརྟུལ་ཞུགས་བཟླས་པ་དང་བཅས་པ།། རྟོག་ལས་ཆོ་ག་བཞིན་གསུངས་པའི།། དངོས་གྲུབ་མཆོག་ནི་ཉམས་པར་འགྱུར།། གང་ཞིག་བདེ་གཤེགས་བསམ་ལྡན་ནས།། བརྟུལ་ཞུགས་བཟད་པོ་མེད་པ་དང་།། དེ་བཞིན་གཟུགས
32b6 ལ་སོགས་མེད་ཀྱང་། ། དངོས་གྲུབ་མཆོག་རྣམས་དེས་ཐོབ་ཅིང་།། ཉོན་མོངས་མེད་པར་ཅི་འདོད་པར།། འདོད་པ་ཐམས་ཅད་རྙེད་པར་འགྱུར།། གང་ཞིག་བདེ་གཤེགས་བསམ་ལྡན་ཞིང་།། བློ་ནི་མ་རྨོངས་བརྟན་པ་ཡིས།།
32b7 སྲིད་པ་ཉོན་མོངས་དགྲོང་དཀའ་རྒོལ།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། ཕྱག་བྱས་ནས་ནི་དངོས་གྲུབ་མཆོག། བདེ་གཤེགས་བསམ་པ་ལྡན་པས་འཐོབ།། དེ་ལྟར་ཤེས་ནསདེ་ཡི་ཚེ།། བདེ་གཤེགས་ལམ་མཆོག
32b8 བསྟེན་པར་བྱ། ། ཉོན་མོངས་སྡུག་བསྔལ་འཇིག་འགྱུར་བ།། འཇིག་རྟེན་ལྷ་ནི་ཡོད་མི་བསྙེན།། དེ་ལྟར་སེམས་ཅན་གདུག་འདུལ་བའི།། ལས་རྣམས་ཇི་སྐད་གསུངས་ལ་ཡང་།། དཀོན་མཆོག་གསུམ་ནི་བསུང་ཕྱིར་གྱི།།




iiif viewer powered by OpenSeadragon

32a - 33a

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud