| | e-texts navigator
|
32a1 འགྱུར། ། དེ་ནས་སྣོད་ནི་བླངས་ནས་སུ།། ཕྱིས་ཀྱང་རབ་ཏུ་ཁྲུས་བྱས་ཏེ།། ཟན་ཟར་བཅུག་ལ་ཟོས་ནས་ཀྱང་། མཆོད་པ་བྱས་ཏེ་སླར་གཏང་ངོ་།། ཅི་སྐད་གསུངས་པའི་ལས་རྣམས་ཀྱིས།། སྣོད་ལ་དབབ
32a2 པར་བྱས་ནས་ནི། ། དེ་ནས་ཆོག་ཕྱི་མ་ཡི།། ཆོ་ག་ལས་གསུང་ལས་རྣམས་བྱ།། དེ་ནས་གལ་ཏེ་སྔགས་པ་ནི།། རྒྱལ་པོ་དབང་དུ་བྱེད་འདོད་ན།། དེ་ཚེ་རི་མོ་སྤྱན་སྔ་རུ།། དུར་ཁྲོད་ཐལ་བས་གཟུགས་བྲིས་ཏེ།། དེ་ཡི་སྙིང་ཀར་འདུག
32a3 ནས་སུ། ། རྩེ་གཅིག་ཡིད་ཀྱིས་ཁྲི་བཟླས་ཏེ།། ཆེ་གེ་མོ་ཞིག་དབང་གྱུར་ནས།། དེ་ཡི་མིང་ནི་སྔ་མ་བཞིན།། ཁྲོ་སྔགས་ཇི་སྐད་གསུངས་པའི་མཐར།། སྦྱར་ཏེ་འཇུག་ཏུ་སྭཱ་ཧཱ་བརྗོད།། ཁྲོ་བོས་དབང་དུ་བྱ་བའི་ཕྱིར།། སྦྱོར་བ་རྟག་ཏུ
32a4 བཤད་པ་ཡིན། ། དེ་ནས་རྒྱལ་དེ་དབང་གྱུར་ནས།། མཛའ་སྡུག་སྐྱེ་བོས་བཏང་ནས་སུ།། བདག་ཉིད་དང་ནི་ནོར་དག་གིས།། ངེས་པར་བྲན་བཞིན་ལེགས་པར་བྱེད།། དེ་བཞིན་བཟླས་པ་ཁྲི་བྱས་ན།། བྲམ་ཟེ་དག་ཀྱང་དབང་དུ་འགྱུར།། རྗེ
32a5 རིགས་དམདྲ་རིགས་མ་ལུས་པར། ། དྲུག་སྟོང་དག་གིས་ངེས་པར་འགྱུར།། བུད་མེད་རྣམས་དང་བུ་མོ་ལ།། ཁྲི་དག་ཏུ་ནི་བཟླས་པ་བྱ།། དེ་ནས་ཕན་ཚུན་མཛའ་བོ་གཉིས།། དབྱེ་བར་བྱ་བར་འདོད་ན་ནི།། དེ་ནས་གཅིག་གི་གཟུགས་བརྙན་ནི
32a6 དེ་བཞིན་བྲིས་ནས་སྙིང་ཀ་རུ། ། རྐང་པ་གཅིག་བཞག་ཅིག་པུར་འདུག། དེ་ཡི་མིང་ནི་མཐར་སྦྱར་ནས།། ཁྲོ་བོ་གཤིན་རྗེ་གཤེད་བཟླས་པ།། ཆེ་གེ་མོ་ཞིག་མྱུར་བར་རུ།། འདི་དང་དབྱེ་འགྱུར་ཕཊ་ཅེས་བྱ།། དེ་ལྟར་དབྱེ་བ་བྱ་འདི་ལ།།
32a7 སྟོང་ཕྲག་བཅུར་ན་བཟླས་པ་བྱ།། དེ་ནས་སེམས་ཅན་རབ་འདུག་པར།། ཤེས་ནས་ལེགས་པར་གདུལ་བྱན།། དཀོན་མཆོག་གསུམ་ལ་གནོད་བྱེད་ལ།། ཁྲོ་བོས་བྱ་ཡེ་གཞན་དུ་མིན།
32a8 དགྲ་བོའི་གཟུགས་བརྙན་མིང་སྨོས་ནས།། དུར་ཁྲོད་ཐལ་བས་བྲིས་ནས་སུ།། དེ་ནས་སེང་ལྡེང་ཕུར་བུལ།། བརྒྱ་རྩ་བརྒྱད་དུ་བཟླས་བྱས་ཏེ།། དེ་ཡི་སྙིང་གར་བཏགས་ནས་སུ།། དེ་ཡི་འོག་ཏུ་ཁྲི་བཟླས་སོ།། དེ་ནས་ཁྲོ་བོ་གཤིན
iiif viewer powered by OpenSeadragon
31b - 32b