e-texts navigator
Collection
Volume
Page
Wylie

31a1 དངོས་གྲུབ་ཀུན་སྦྱིན་པའི། ། སྒྲུབ་པ་དག་ནི་བསྒྲུབས་ཟིན་ཏོ།། དཔའ་བོའི་བརྟུལ་ཞུགས་སྤྱོད་པ་ཡིས།། དེ་དག་ལ་སོགས་སྣ་ཚོགས་དང་།། སྔ་མ་བཞིན་དུ་སྣ་ཚོགས་དང་།། འབྲིང་རྣམས་ལ་སོགས་བསྒྲུབ་པར་བྱ།། ཁྲོ་བོ
31a2 མཆོག་གིས་ཆོ་ག་འདི། ། ལས་ནི་གང་དག་བཤད་པ་རྣམས།། དེ་དག་ཀུན་ལ་བརྟུལ་ཞུགས་ནི།། མེད་པར་བྱས་ན་འབྲས་བུ་མེད།། ཕྱག་རྒྱ་གཉིས་ཀྱི་ལས་རྣམས་ནི།། གང་དག་འདིར་ནི་བཤད་པ་རྣམས།། བརྟུལ་ཞུགས་བྱེད་ནི་མ་ནུས་ན།། །
31a3 དེ་ལྟར་ཁྲོ་བོ་མཆོག་འདི་ལ།། སྔོན་བཞིན་མཆོད་པ་བྱེད་པ་དང་།། ཇི་སྐད་བཤད་ཟིན་བཟླས་བྱས་པས།། ལས་རྣམས་ཅི་སྐད་བསྟན་པ་དང་།། དངོས་གྲུབ་ཅི་སྐད་བསྟན་པ་འཐོབ།། རྟག་ཏུ་བདེ་གཤེགས་སེམས་དཔའ་དེས།། བརྟུལ་ཞུགས
31a4 རྟག་ཏུ་མི་རུང་ནའང་། ། ཉིན་གཅིག་བཞིན་དུ་བཟླས་བརྗོད་ལ།། སྦྱོར་བས་འདོད་པས་དོན་རྣམས་འཐོབ།། དེ་ལྟར་བརྟུལ་ཞུགས་ཀྱིས་བསྒྲུབས་དང་།། སྒྲུབ་པ་སྣ་ཚོགས་ཆོ་ག་འདིར།། ཁྲོ་བོ་མཆོག་གིས་ཅི་གསུངས་པ།། མ་ལུས་པར་ནི
31a5 བཤད་པ་ཡིན། ། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་རྩ་བའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། ། དེ་ནས་ཆོ་ག་ཕྱི་མར་ནི།། ཅི་ལྟར་བརྟུལ་ཞུགས་མེད་ཀྱང
31a6 རུང་། ། དེ་ཕྱིར་ཁྲོ་བོ་བདག་ཉིད་ཀྱིས།། གསུངས་པ་དེ་ཡི་ཆོ་ག་བརྗོད།། སྔགས་ནི་ཡི་གེ་བཅུ་བདུན་ནོ་། ཁྲོ་བོ་ཞེས་ནི་གང་བརྗོད་པ།། དེ་ལ་ཐོག་མར་སྟོན་བཞིན་དུ།། རི་མོ་བྲིས་ལ་དེ་མདུན་དུ།། ཚུལ་བཞིན་དུ་ནི་མཆོད་པ་བྱ།།
31a7 མཐབས་པང་ན་སྡུག་ན་བཀྱང་།། བྱེད་དུ་བཅུག་སྟེ་དེ་འོག་ཏུ།། མཁས་པས་བརྒྱད་འབུམ་བཟླས་པ་བྱ།། དེ་ཡི་མཐའ་མར་དཀོན་མཆོག་ནི།། གསུམ་པོ་དག་ལ་མཆོད་ཆེན་བྱ།། དེ་ཡི་འོག་ཏུ་ཁྲོ་མཆོག་ནི།། ཅི་སད་གསུངས་བཞིན་མཆོད་པ་བྱ།།
31a8 འོན་ཀྱང་གྲུབ་སྟེ་དེ་ཡི་ཚེ།། འབྱུང་པོའི་གདོན་དང་དུག་རྣམས་དང་། ཡིད་ལ་གང་དང་གང་འདོད་པ།། དེ་ཡིས་བསམ་པའི་ལས་ཀྱང་ནུས།། ནམ་ཡང་དངོས་གྲུབ་ཕྲན་ཚེགས་ལ།། དེ་ནི་སྦྱར་བར་མི་བྱའོ།། དུག་ལ་སོགས་ཏེ་གང་བརྗོད་པ།། ལས




iiif viewer powered by OpenSeadragon

30b - 31b

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud