| | e-texts navigator
|
2b1 ཨ་རྒྱ་ཤིང་སཱ་ནཱམ་དྷཱར་ཏྟི། བོད་ན་དདུ། འཕགས་པ་སོན་ཏན་བསྔགས་པ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས། དཀོན་མཆོགག་སུས་ལ་ཕྱུག་འཚལ་ལོ།། མོ་ན་རྫམཱ་པ། མ་བྷག་དྷེ། ས་ཨིཏརྨཱ་ཀཀྵ
2b2 གཏ་ཡ། ཨ་ཧ་ཉེས་བྱགས་རྦད་དྷཱ་ཡ། ཏཿ། ཨོཾ་ཨ་མྲྀཏེ། ཨ་མྲྀ་ཏི་ད་ཐཱ་གེ། ཨ་མྲ་ཏ་ས~ཾ་བྷ་ག། ཨམྲྀ་ཏ་བི་ཟན་ཏེ། ཨ་མྲྀ་ཏག་མི་ནི། གགན་ཀ་རི་ཏི་ཀ་རེ། སབ་རྦེ་ག་ཨེ་ཀ་རི་ཐཱཿ།། གཟུངས་འདིའི་ཆོག་ནི་འདི་ཡིན་ཏེ།
2b3 ལན་གཅིག་བརྗོད་པས་བསྐལ་པ་འབུམ་དུ་བསགས་པའི་ལས་ཀྱི་སྒྲིབ་པ་འབྱང་བར་འགྱུར་རོ།། ཉིན་རེ་བཞིན་དུ་དུས་གསུམ་དུ་བཟླས་བརྗོད་བྱས་ན་སྡིག་པ་ཐམས་ཅད་འབྱང་བར་འགྱུར་རོ།། སངས་རྒྱས་སྟོང་གིས་བསྐྱེད་པའི
2b4 དགེ་བའི་རྩ་བ་འཐོབ་པར་འགྱུར་རོ། ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ན་རྩ་བའི་ལྟུང་བ་བཞི་པོ་འབྱང་བར་འགྱུར་རོ།། ལན་འབུམ་བཟླས་བརྗོད་བྱས་ན་འཕགས་པ་བྱམས་པ་མཐོང་བར་འགྱུར་རོ།། ལན་གཉིས་འབུམ་བཟླས
2b5 བརྗོད་བྱས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་རོ། ། ལན་གསུམ་འབུམ་བཟླས་བརྗོད་བྱས་ན་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ།། ཕན་ཡོན་གཞན་ཡང་དཔག་ཏུ་མེད་པ་ཡོད་ན་ཡང
2b6 མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། ། འཕགས་པ་ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨཱརྱ་སརྦ་དྷརྨ་ཏི་ཀ་ན་དྣ་ཎྜཱི་བོད་སྐད་། འཕགས་པ་ཆོས་ཐམས་ཅད་ཀྱི་ཡུམ
2b7 ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ
2b8 ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་མ་ཞེས་བྱ་བའི་ཕྱག་རྒྱའི་གཟུངས་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཏེ། ང་ཡང་ད་ལྟར་འཆད་བཟུང་ཤིག།
iiif viewer powered by OpenSeadragon
2a - 3a