e-texts navigator
Collection
Volume
Page
Wylie

2a1 དང་། གདིང་བ་དང་། ན་བཟའ་དང་། སྤྱན་གཟིགས་དང་། བཤོས་གཙང་བ་ལ་སོགས་པ་དང་། རྒྱན་དང་། ལྷབ་ལྷུབ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ།། སྡིག་པ་ཐམས་ཅད་དང་བྲལ
2a2 བར་འགྱུར་ཞིང་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པར་འགྱུར་རོ། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བས་ཡང་དག་པར་དབུགས་འབྱིན་པར་འགྱུར་རོ།། ལྷ་དང་ཀླུ་དང་། གནོད་སྦྱིན་དང་།
2a3 དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། ལག་ན་རྡོ་རྗེ་ལ་སོགས་པ་གསང་བ་པའི་བདག་པོ་དང་བཅས་པ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཕྱི་བཞིན
2a4 ཡང་དག་པར་འབྲང་ཞིང་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ།། འདི་ནས་ཤི་འཕོས་ནས་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ་ཡོན་ཏན་གྱི་ཁྱད་པར་འདི་དག་ནི་མ་བསྒྲུབས་པར་ལན་གཅིག་དྲན་པ་ཙམ
2a5 གྱིས་ཐོབ་པར་འགྱུར་རོ། ། མཆོད་པའི་སྤྲིན་ཅེས་བྱ་བའི་གཟུངས། རྫོགས་སྷོ།། ཨོཾ་ན་མོ་བྷ་ག་བ་ཏེ་རད་ན་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་སཾ་མྱཀ་སཾ་བུད་དྷ་ཡ། ཏད་ཡ་ཐཱ། ཨོཾ་རང་ན་རང་ནེ་མ་ཧཱ་ར་ད་ན་བི་ཛ་ཡེ་སྭཱ་ཧཱ།
2a6 ཞེས་ལན་བརྒྱད་བརྗོད་པས་ཕྱག་བྱའོ།། ན་མཿསརྦ་བུད་དྷ་བོ་དྷ་སཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་སུ་མི་ཏཱ་ཨ་བྷི་ཛཱ་རཱ་སི་ནི་ན་མོ་སཱུ་ཏེ་སྭཱ་ཧཱ་ཞེས་ལན་བརྒྱད་བརྗོད་པས་བསྟོད་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པུ་ཛ་མེ་གྷ་པྲ་ས་ར་ས་མཱུ་ཧེ་སྥ་ར་ཧི་མཾ།
2a7 ག་ག་ན་ཀཾ་ཧཱུ~ཾ་ཞེས་པས་མཆོད་པ་བྱིན་གྱིས་བརླབ་པོ།། ན་མཿསརྦ་བུད་དྷ་བོ་དྷི་སཏྭ་ནཱཾ། སརྦ་ཐཱ། ཨུད་ག་ཏེ་སྥ་ར་ཧི་མཾ་ག་ག་ན་ཀཾ་ས་མན་ཏ་ཏ་སྭཱ་ཧཱ་ཞེས་ལན་བརྒྱད་བརྗོད་པས་མཆོད་པའི་སྤྲིན་འབྱུང་ངོ་།། ན་མཿསརྦ་བུད
2a8 དྷ་བོ་དྷི་ས་ཏེ་བྷྱཿསརྦ་བི་ཏ་པཱུ་ར་པཱུ་ར། ཨ་པ་ར་ཏྣ་ཨ་བྷ་ཡེ་སྭཱ་ཧཱ་ཞེས་བརྗོད་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་ཉེ་གནས་དང་ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ།། རྒྱ་གར་སྐད་དུ། ཀཱཪྵ་ཨ་བ་རི་མི་ཏ་ཧུ




iiif viewer powered by OpenSeadragon

1b - 2b

Texts on this page

Q285 - mchod pa'i sprin zhes bya ba'i gzungs
Q286 - 'phags pa yon tan bsngags pa dpag tu med pa zhes bya ba'i gzungs