e-texts navigator
Collection
Volume
Page
Wylie

29a1 བཟླས་ལ། དེ་ནས་ངེས་པར་བསྲེག་པར་བྱ།། དེ་ནས་སྦྱིན་བསྲེག་བྱེད་པའི་ཚེ།། ལྷ་མིན་ན་ཆུད་འབྱུང་བར་བྱེད།། སྒྲུབ་པ་པོ་ནི་གང་འདོད་པ།། གདོན་མི་ཟ་བར་རབ་ཏུ་སྟེར།། ལྷ་མ་ཡིན་གྱི་གནས་དག་ཏུ།། བདེ་བའི་ལམ།
29a2 ནས་འཇུག་པར་བྱེད།། དབང་ཕྱུག་ཀུན་དང་ལྡན་པར་རི།། དེ་ནས་དེ་ནི་འགྲུབ་པར་བྱེད།། གལ་ཏེ་འདིར་ནི་སྔགས་པ་དག། ཤ་ཆེན་དག་ནི་འཚེང་འདོད་ར།། དང་པོར་དུར་ཁྲོད་འདུག་ནས་སུ།། དཔའ་བའི་སེམས་ཀྱིས
29a3 ཤ་ཆེན་བྲང་། ། བླངས་ནས་བསྲུང་བ་བྱས་ནས་སུ།། ལག་པ་གཡོན་པས་ཆུ་གྲི་ཐོགས།། གཡས་པས་ཤ་ཆེན་སྐྱོན་མེད་བཟུང་།། མཚན་མོ་དུར་ཁྲོད་དུ་ཞུགས་ནས།། སེམས་པ་དཔའ་བོས་གཤིན་རྗེ་གཤེད།། ཁྲོ་བོ་ཡིད་ལ་ཟློས
29a4 བྱེད་ཅིང་། ། ཤ་འཚེང་པ་ཡི་སྒྲ་སྒྲགས་སོ།། བདག་ཉིད་ཆེན་པོ་དེ་ཡི་ཚིག། སྲིན་པོ་དམ་ཚིག་མེད་པ་དང་།། སེམས་ཅན་ཕྲ་མོ་ཁ་གཅིག་གིས། རབ་ཏུ་འཇིག་པར་འགྱུར།། གང་གཞན་ལྷག་པའི་སེམས་ཡོད་ཅིང་།
29a5 དྲག་པོའི་དུར་ཁྲོད་གནས་སྦྱོང་བ།། སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ།། དེ་དག་ལུས་ནི་སྟོན་པར་བྱེད།། གྲུབ་པ་འཇིགས་པར་མི་བྱ་བར།། དེ་ནས་སེམས་ནི་དྲག་པོ་དེས།། ལེགས་པར་འོངས་ཤེས་སྨྲས་པར་བྱ།། དེ་ནས
29a6 གནས་སྐྱོང་བསྒྲུབ་པའི་ཕྱིར། ། དེ་ནས་ཨ་ཛ་ན་ག་དང་།། རྫས་ནི་གང་རྣམས་འདོད་པ་དེ།། ཤ་ཡིས་རབ་ཏུ་སྦྱིན་བྱོས་ཤེས།། སྒྲུབ་པ་པོས་ཀྱང་སྨྲ་བར་བྱ།། སྒྲུབ་པ་པོས་ཀྱང་གཞན་མི་སྨྲ།། སེམས་ནི་དཔའ་བར་ཤེས་ནས
29a7 ས། ། སྦྱིད་པར་བྱེད་ཀྱིས་གཞན་ལ་མིར།། དེ་ནས་གཞན་ཡང་འདི་ཡི་ལས།། དཔུང་རྣམས་མནན་པར་བྱ་བ་གང་།། ཁྲོ་བོ་མཆོག་གིས་གསུངས་པ་ནི།། དེ་དག་འདིར་ནི་བཤད་པར་བྱ།། པི་རིའི་གོས་ལས་བྱས་པ་ཡི།།
29a8 ངན་ཤིན་དུ་བཟང་པོ་བྱ།། དེ་ནི་མཐོན་ཀ་ལས་བྱའོ།། སོར་བཅུ་དྲུག་གི་ཚད་དུ་བྱ།། སྨུག་མའི་ཡུབ་སྡུག་གུ་དག། ཁྲུ་གང་ཚད་དུ་བྱས་པ་ལ།། བཏགས་ཏེ་དེ་ནས་བསྒྲེང་ནས་སུ།། དུར་ཁྲོད་དུ་ནི་མཚན་མོ་བསྒྲུབ།། ཀྱི




iiif viewer powered by OpenSeadragon

28b - 29b

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud