| | e-texts navigator
|
26a1 པའི་དབང་ཆེན་ཡང་། ། དེ་ནས་དེ་ཡིས་སྡིགས་པར་ནུས།། གླང་པོ་དང་ནི་ཏ་རྣམས་དང་།། ལྗོན་ཤིང་དང་ནི་ནགས་ཚལ་རྣམས།། རིང་པོར་མི་ཐོགས་འཇིག་པར་བྱེད།། རི་རྣམས་ཀུན་གྱི
26a2 མོ་དག། རབ་ཏུ་བཟང་ཞིང་མཐོ་བ་ཡང་།། དེ་ནས་དེ་ཡི་མཛུབ་མོ་དེས།། རིང་པོར་མི་ཐོགས་སྙིལ་བར་བྱེད།། མཛུབ་མོ་དངོས་གྲུབ་ཅན་སྦྱིན་པའི།། གྲུབ་པའི་མཆོག་ནི་བཤད་པ་ཡིན།། དེ་ནས་གཞན་ཡང་ཞགས་པ
26a3 ཡི། ། སྒྲུབ་པའང་འདིར་ནི་བཤད་པར་བྱ།། ཤི་བའི་སྒྲ་ལ་ཞགས་པ་ནི།། སྦོམ་ཞིང་ཡིད་དུ་འོང་བ་བྱ།། ཆོ་ག་སྔ་མ་བཞིན་བསྒྲུབ་ན།། དེ་ཡིས་དངོས་གྲུབ་དེ་ཉིད་འཐོབ།། ཤིང་ནི་རབ་ཏུ་བཟང་པོ་ལས།། དབྱུག་ཏོ་སོར
26a4 ནི་བཅུ་དྲུག་བྱ། ། ལེགས་པར་གཞོགས་དང་ལེགས་བྲིས་པ།། བཟང་པོ་ཡིད་དུ་འོང་བྱས་ནས།། དེ་ཡི་མགོ་བོ་དག་ལ་ཡང་།། རབ་ཏུ་བཟང་པོའི་གསེར་གྱིས་དཀྲི།། དེ་ཡི་རྩེ་ལ་ནོར་བུ་ནི།། པད་མ་ར་གས་སྤྲས་པར་བྱ།། དེ་ནས
26a5 ཚུལ་བཞིན་རི་རྩེ་ལ། ། ཆོ་ག་སྔོན་དུ་བཤད་པ་བཞིན།། མངོན་དུ་འཇུག་པའི་སྦྱིན་བསྲེག་བྱ།། སྒྲུབ་པ་པོ་ཡིས་ནུབ་མོ་བསྒྲུབ།། འབར་བ་དེ་ནི་བླངས་ནས་སུ།། ནམ་མཁར་འཛགས་པ་གདོན་མི་ཟ།། སྔ་མ་བཞིན་དུ་གྲུབ་རྣམས
26a6 ཀྱི། ། གཙོ་བོར་གྱུར་ཅིང་འདོད་གཟུགས་ཅན།། དུ་བ་ཚ་ལ་སོགས་པས་ཀྱང་།། དེ་ཡི་འབྲས་བུ་སྔོན་བཞིན་འཐོབ།། མཚོན་ཆ་མཆོག་རྣམས་བསྒྲུབ་པ་ནི།། དེ་ལྟར་མདོར་བསྡུས་བཤད་པ་ཡིན།། དེ་ནས་ཆོ་ག་ལས་བྱུང
26a7 བའི། ། དངོས་གྲུབ་གཞན་ཡང་བཤད་བྱ་སྟེ།། ཅི་ལྟར་ཁྲོ་བོ་མཆོག་གིས་ནི།། ཉིད་ཀྱིས་མདོར་བསྡུས་བཤད་པའོ།། ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་ཐོག་མར་བྲིས་ནས་སུ།། རྨ་མེད་པ་ཡི་རོ་སྤངས་ནས།།
26a8 མཁས་པས་ཁྲུས་བྱས་ལེགས་པར་བརྒྱན།། མེ་ཏོག་སྤོས་ཀྱིས་མཆོད་ནས་སུ།། ཤ་དང་བཅས་པའི་གཏོར་མ་སྦྱིན།། ལས་ནི་དུར་ཁྲོད་དག་ཏུ་བྱ།། འདི་ནི་གཞན་དུ་ཡོད་མི་བྱ།། མེ་ཏོག་བཀྲམ་པའི་གནས་མལ་དུ།། ནུབ
iiif viewer powered by OpenSeadragon
25b - 26b