e-texts navigator
Collection
Volume
Page
Wylie

259a1 མེད་དང་། ། བཟའ་རྣམས་བཀུར་ཅིང་རིགས་བཙུན་འཐོབ།། དུག་དང་འདྲེག་ཤིན་གདོན་བྲལ་དང་།། ལུས་ལ་དྲི་ཞིམ་ཀུན་དགའ་དང་།། བསས་ངན་མི་སྙན་བསོད་བྱེད་དང་།། རིམས་ནད་བྲལ་ཞིང་དགང་སྐྲ་དང་།། དུས་མིན
259a2 འཆི་བ་སངས་པར་འགྱུར། ། གཞན་ཡང་ཡོན་ཏན་བཞི་ཐོབ་སྟེ།། འཆི་ཁར་སངས་རྒྱས་ཞལ་མཐོང་དང་།། མཁའ་ལ་འོད་འབྱུང་ལྷས་མཆོད་དང་།། ནམ་ཡང་ངན་འགྲོར་མི་འགྲོ་ཞིང་།། བདེ་བ་ཅན་ནམ་བདེ་འགྲོར་སྐྱེ།། རིག
259a3 སྔགས་འདི་དང་སངས་རྒྱས་ཀྱི། ། ཡེ་ཤེས་སྙིང་པོ་འཛིན་པ་ལ།། བྱང་ཆུབ་སེམས་དང་སངས་རྒྱས་ཀྱི་རྣམ་པར་ཐར་པའི་ཆོས་སྒོ་འཐོབ།། བསྐལ་པ་དུ་མར་དགེ་བསགས་དང་།། རིག་སྔགས་འདི་རྙེད་འགྱུར་བ་སྟེ།། དང་ལྡན
259a4 ཁྲེལ་ཡོད་ངོ་ཚ་ཤེས། ། བློ་བཟང་བརྩོན་ལྡན་སྙིང་རྗེ་ཆེ།། མདོག་དཀར་དང་བཟང་གསོང་པོར་སྨྲ།། སེམས་འཇམ་ལུས་དག་དལ་བར་སྤྱོད།། བླ་མ་ལ་གུས་བརྟུལ་ཞུགས་ཆེ།། སྲེད་པ་ཆུང་ཞིང་སྦྱིན་ལ་དགའ།། སངས་རྒྱས་གུས
259a5 ཤིང་སེམས་བཅས་པས། ། ཉིན་མཚན་རྒྱུན་ཏུ་རིག་སྔགས་འདོན།། བཅུ་བཞི་འམ་ནི་བཅཝ་ལྔ་དང་། ཁྱད་པར་དུ་ནི་ཚེས་བརྒྱད་ལ།། གསོ་སྦྱོང་སྐུ་ཡི་མདུན་དུ་བླང་།། སྐྱོན་མེད་ཙན་དན་དཀར་སོགས་ཤིང་།། རིགས་བཟང་ལས་བྱས
259a6 སྐུ་གཟུགས་སམ། ། ཡང་ནས་རྡོ་རིན་ཆེན་སོགས།། བཟང་ལས་བདེ་བར་གཤེགས་གཟུགས་བྱ།། ཡང་ན་རིས་སུ་བྲིས་ཀྱང་རུང་།། སྐུ་གཅིག་པོའམ་ལྷ་ཚོགས་ཀྱི།། དཀྱིལ་འཁོར་རྒྱས་པར་བྱས་པ་ལ།། མངོན་སུམ་བཞིན
259a7 དུ་དམིགས་བྱས་ན། ། མྱུར་དུ་མངོན་སུམ་མཐོང་བར་འགྱུར།། ཡོན་ཏན་ཀུན་གྱིས་བརྒྱན་པ་ཡི།། བུམ་པ་ཆུ་དང་བཅས་པ་ལ།། སྔགས་བརྗོད་པས་ནི་འདོད་དོན་ཀུན།། འགྲུབ་འགྱུར་ཐེ་ཚོམ་མི་བྱའོ།། ནད་དང་འཕྲོད་པའི
259a8 སྨན་རྣམས་ལ། ། སྔགས་བཟླས་བཟའ་འམ་བྱུགས་པས་སམ།། བདུགས་པ་ཙམ་ཡང་གནོད་པ་སེལ།། སྲད་བུ་འམ་ནི་གོས་དག་དང་།། ཕྱག་རྒྱས་གདགས་ཀྱང་དེ་བཞིན་ནོ།། འདོད་པ་གང་དང་གང་ལ་ཡང་།། དེ་ཡི་ལས་ཀྱི




iiif viewer powered by OpenSeadragon

258b - 259b

Texts on this page

Q364 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba