| | e-texts navigator
|
258b1 བ་དང་། ཆུ་དང་མེ་དང་རླུངས་གཡོས།། དུག་དང་བྱད་སྟེ་མ་རོ་ལངས་དང་།། ཆོམ་རྐུན་མི་མ་ཡིན་རྣམས་གནོན།། རིག་སྔགས་འདི་ཡིས་བསྲུངས་པ་དང་།། ལེན་དང་འཛིན་དང་འདྲི་བ་དང་།། ཀློག་དང་ཁ་དོན་བཤད་སོགས་རྣམས།། བརྩོན་ལ
258b2 འཇིག་རྟེན་ལྟར་བཅས་དང་། ། བདུད་དང་ཚངས་པ་དགེ་སྦྱོང་དང་།། བྲམ་ཟེར་བཅས་པས་གནོད་པ་མེད།། སྔོན་གྱི་ལས་དག་ཡོད་པ་ཡང་།། བྱང་ཞིང་བསྲབས་ཏེ་མེད་པར་འགྱུར།། ངེས་པའི་དངོས་པོ་འདི་ལགས་པས།། རིག་ནས་མངོན
258b3 སུམ་ཡིད་ཆེས་པས། ། རྣམ་པར་རྟོག་མེད་སེམས་ཀྱིས་བླང་།། དེ་སླང་སྐྱབས་དང་སྐྱོབ་པ་དང་།། བསྲུང་དང་དབུགས་འབྱིན་དཔལ་མགོན་དང་།། གླིང་དང་ཁང་ཁྱིམ་འདི་ཉིད་ཡིན།། ཉེ་རིངས་ཕྱོགས་ཅི་སྲིད་པར།། འཚམས་བཅད་ནས།
258b4 ནི་རིག་སྔགས་དང་།། འབྱུང་པོ་རྣམས་ཀྱིས་འཚེ་བ་མིན།། གང་གིས་སངས་རྒྱས་ཕྱག་འཚལ་མཆོད།། སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས།། མངོན་པར་དགའ་ཞིང་གཟུངས་སྔགས་འདིས། ཉི་ཤུ་རྩ་གཅིག་བརྗོད་པ་ལ།།
258b5 ཕྱོགས་བཅུའི་སངས་རྒྱས་མ་ལུས་པ།། མཚུངས་པར་ཡིད་རང་ལེགས་པར་སྦྱིན།། རྩ་བ་བཞི་དང་འཚམས་མེད་ལྔ། མ་ལུས་སྡིག་ཀུན་བྱང་བར་འགྱུར།། གནོད་སྦྱིན་སྲིན་པོ་སོགས་སྣང་ཡང་།། གཟུང་ནས་བྱམས་པ་སྙིང་རྗེའི
258b6 སེམས། ། དང་པོ་བསྐྱེད་ནས་བླ་མེད་ཀྱི།། བྱང་ཆུབ་སེམས་མཆོགས་ལ་དགོད།། གང་གཱ་ཀླུང་བརྒྱའི་སངས་རྒྱས་ཀྱི།། མཚན་ནས་བརྗོད་ཅིང་བསྟོད་པ་བས།། རིགས་ཀྱི་བུ་འམ་བུ་མོ་གང་།། བདག་གི་མིང་བརྗོད་དྲན་བྱེད་ཅིང་།
258b7 རིག་སྔགས་རྒྱུན་དུ་བརྗོད་ན་དེ།། བྷུར་དུ་མཆོག་དགའི་ས་འཐོབ་ཅིང་།། ལག་པའི་འངས་ནས་མཐོང་བ་ལྟར།། བླ་མེད་བྱང་ཆུབ་མྱུར་དུ་འབྱུང་།། རྩེ་གཅིག་དྲན་པས་གུས་བྱས་ཏེ།། རྟག་ཏུ་ན་དཔར་སྔར་ལངས་ནས།། ཆོས་བཞིན།།
258b8 དུ་ནི་དགེ་བགྱིས་ཏེ།། བརྒྱ་རྩ་བརྒྱད་དུ་གང་བརྗོད་པ།། ཚེ་འདིར་ཕན་ཡོན་བཅུ་ཐོབ་འགྱུར།། རྟག་པར་ལུས་ལ་ནད་མེད་དང་།། ལྷ་དང་སངས་རྒྱས་ཀུན་གྱིས་བསྲུང་།། ནོར་འབྲུ་རིན་ཆེན་གོས་རྙེད་དང་།། དགྲ་སྡང་དུལ་ཞིང་འཇིག
iiif viewer powered by OpenSeadragon
258a - 259a