| | e-texts navigator
|
255b1 སྤོས་ཀྱིས་མཆོད་པ་བྱའོ། ། བྱང་ཆུབ་ཀྱི་སྙིང་པོ་པད་མའི་གནས་དང་། བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་ཡང་ཡིད་ལ་བྱའོ།། དེ་ལ་ཡང་འདོད་པ་བསྐྱེད་པར་བྱས་ཏེ། འདོད་པ་དང་དད་པ་བྱས་ན་དེ་བཞིན་གཤེགས་པ་ཚེ་དཔག
255b2 མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། ། དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཤིང་གི་རྒྱལ་པོ་ནི་རིན་པོ་ཆེའི་པད་མ་རྣམ་པར་སྣང་བ་ཞེས་བྱ་བ་ཤིང་དེ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའོ།།
255b3 པད་མའི་གདན་ནི་དག་ཅིང་གསལ་ལ་བཟང་ཞིང་བཀྲ་བའི་འོད་ཟེར་ཅན་ཞེས་བྱས་ཏེ། རིན་པོ་ཆེ་དུ་མས་བསྐོར་བ་ལ་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་སོ།། གཡས་ན་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས
255b4 དབང་ཕྱུག་གོ། གཡོན་ན་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་བསྐོར་ཏོ།། དད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་མོས་པ་དང་དད་པ་དང་གུས་པ།
255b5 མང་བ་དེ། དེར་སྐྱེ་བར་འགྱུར་ཏེ། གསེར་གྱི་ས་གཞི་ཆེན་པོ་ལ་རིན་པོ་ཆེ་སྣ་བདུན་གྱི་པདམ་ཆེན་པོ་དག་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ།། དགེ་སློང་དག་དགེ་སློང་ཕ་འམ། དགེ་སློང་མའམ། དགེ་བསྙེན་པ་འམ། དགེ་བསྙེན་མ་གང
255b6 ལ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་མཚན་ཡང་དག་པར་འཛིན་པ་དེ་ལ། མེའི་འཇིགས་པ་མི་འབྱུང་། ཆུའི་འཇིགས་པ་མི་འབྱུང་། དུག་གི་འཇིགས་པ་མི་འབྱུང་། མཚོན་ཆའི་འཇིགས་པ་མི་འབྱུང།
255b7 གནོད་སྦྱིན་གྱི་འཇིགས་པ་མི་འབྱུང་། སྲིན་པོའི་འཇིགས་པ་མི་འབྱུང་། སྔོན་གྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ཐམས་ཅད་དང
255b8 ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་དྲི་ཟད་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད
iiif viewer powered by OpenSeadragon
255a - 256a