e-texts navigator
Collection
Volume
Page
Wylie

255a1 ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཚེ་དཔག་མེད་བསམས་ན། ཞག་བཅུ་འདས་པའི་དུས་སུ་དེ་བཞིན་གཤེགས་པ་ཚེ་དཔག་མེད་མཐོང་བར་འགྱུར་རོ།། ཕྱོགས་བཅུན་བཞུགས་པའི་སངས་རྒྱས
255a2 བཅོམ་ལྡན་འདས་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། ། དགེ་བའི་རྩ་བ་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་ཡོངས་སུ་བསྔོས་ན། དེ་འཆི་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་ཚེ་དཔག་མེད་མདུན་ན
255a3 བཞུགས་པར་འགྱུར། དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ།། དགེ་སློང་དག་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་དེ་གང་ཞེ་ན། ཏདྱ་ཐཱ། ཤ་བ་ལེ། ཨ་བ་ལེ། ས་མ་ཛ་ལེ། ནི་རེ་ཤ།
255a4 ནིར་ཛཱ་ཏེ། ནི་རུ་ག་ཏེ། ནི་ར་མུ་ཁེ། ཛཱ་ལ་བ་ར་ཚེ་ད་ནི། སུ་ཁ་བ་ཏེ་ནིར་ཏ་ཤེ། ཨ་མི་ཏེ། ཨ་ཡུ་གརྦྷ་ནི་ར་ཧཱ་ནི། ཨ་མི་ཏི་ཨ་ཡུར་པྲ་སཱ་དྷ་ནི། ནིར་བུད་དྷི་ཨ་ཀ་ཥ་ནིར་དེ་ཤེ། ཨ་ཀ་ཤ་ནིར་རྫ་ཏེ། ཨ་ཀ་ཤ་ནིར་ཀུ་ཤ་ལེ། ཨ་ཀ
255a5 ཤ་ནིར་དེ་ཤ་ནི། ཨ་ཀ་ཤཱ་ཨ་དྷིཥྚ་ནེ། སུ་ཁ་བ་ཏེ་ཨ་དྷིཥྚི་ནེ། རུ་པ་ནི་དེ་ཤེ། ཙཱ་ཏཱ་རི་དྷརྨ་པྲ་སཱ་ད་ནི། ཙཱ་ཏཱ་རི་ཨཱརྱ་ས་ཏྱ་པྲ་སཱ་དྷ་ནི། ཙཱ་ཏཱ་རི་མཱརྒ་དྷ་ན་པྲ་སཱ་ད་ན། པ་ལ་བིརྱ་པྲ་སཱ་ད་ནི། དྷརྦཱ་ཚེ་དྷ་ནི། ཀུ་ཤ་ལེ། ཀུ་ཤ་ལ་ནི་དེ་ཤ
255a6 ཀུ་ཤ་ལ་པྲ་ཏིཥྛ་ནི། བུད་དྷ་ཀུ་ཤ་ལེ། བི་ཤུད་དྷ་པྲ་བྷ། ས་དྷརྨ་ཀ་ར་ནི། ནིརྫ་ཏི། ནིར་བུད་དྷེ། བི་མ་ལེ་། བི་ར་ཛེ། ར་ཛཱ་སི། ར་ས་རྦེ། ར་སཱ་གྲ་བ་ལེ། ར་སཱ་ཐ། ཨ་དྷིཥྛི་ཏེ། ཀུ་ལེ་པྲ་ཏི་ཀུ་ལེ། བི་ཀུ་ལེ། དྷན་ཏོ་སུ་དྷན་ཏ་ཙིད་ཏེ། སུ་པྲ་ཤ་ན
255a7 ཏ་ཙིད་ཏེ། སུ་པྲ་ཏིཥྛ་ཏེ། སུ་ལེ་སུ་མུ་ལཱི། དྷརྨེ་ཙདྷཿ། བི་ལེ་ཙ་པ་ལེ། ཨ་ནུ་ཤ་ཨ་བ་ལེ། བུད་དྷ་ཨ་ཀཱ་ཤཱ་གུ་ཎ་བུད་དྷེ། ཨ་ཀཱ་ཤཱ་ནི་གུ་ཎི། ཨ་མྲི་ཏ་དུན་དུ་བྷིཿསཱ་རེ་སྭཱ་ཧཱ།། དགེ་སློང་དག་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ
255a8 གང་ལ་ལ་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་འདི་སྐད་བསྟན་པ་དེ་བཞིན་དུ་ཁ་ཏོན་བྱེད་པ་དེས། གོས་གཙང་མ་བགོས་ཏེ་ས་ཕྱོགས་གཙང་ཞིང་དྲི་མ་མེད་པར། དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་མེ་ཏོག་དང




iiif viewer powered by OpenSeadragon

254b - 255b

Texts on this page

Q363 - 'phags pa tshe dang ye shes dpag tu med pa'i snying po zhes bya ba'i gzungs