| | e-texts navigator
|
254a1 པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ
254a2 མེད་པའི་གཟུངས་རྫོགས་སྷོ། ། །། @#།། རྒྱ་གར་སྐད་དུ། ཨཱརྱ་ཨ་བ་ར་མི་ཏ་ཨ་ཡུ་ར་ཛྙཱ་ན་ཧྲི་དཱ་ཡ་ནཱ་མ་དྷ་ར་ཎཱི། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས
254a3 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་གང་གཏས་བསྐོར་བའི་རྫིང་བུའི་འགྲམ་ན། དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ
254a4 བདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ
254a5 དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན།། བདེ་བ་ཅན་གྱི་འཇིག་རྟེན་ཁམས།། དེན་རྫོགས་པའི་སངས་རྒྱས་བཞུགས།། དེ་བཞིན་གཤེགས་པ་ཚད་དཔག
254a6 ད། ། སུ་ཞིག་དེ་ཡི་མཚན་བརྗོད་ན།། དེ་ནི་དེརུ་སྐྱེ་བར་འགྱུར།། འཆི་བའི་དུས་སུ་སྟོན་པ་ནི།། དགེ་སློང་དགེ་འདུན་བཅས་ཏེ་མཐོང་།། དེ་ན་བུད་མེད་ཡོད་མ་ཡིན།། མངལ་ན་གནས་པ་ཡོད་མ་ཡིན།། རིན་ཆེན་རྣམ
254a7 ཀྱི་པད་མོ་ལས། ། རྫུ་འཕྲུལ་ཆེན་པོ་འབྱུང་བར་འགྱུར།། ཟས་དང་གོས་དང་སླར་རྣམས་དང་།། ཆོས་གོས་མལ་ཆ་ལྷུང་བཟེད་རྣམས།། སེམས་ཀྱིས་བསམས་མ་ཐག་ཏུ་ནི།། དེ་དག་མོད་ལ་འབྱུང་བར་འགྱུར།། ཕྱོགས
254a8 བཅུར་བཞུགས་པའི་སངས་རྒྱས་རྣམས། ། བདེ་བ་ཅན་གྱི་བསྔགས་པ་བརྗོད།། དེ་ལྟར་སངས་རྒྱས་བསམ་མི་ཁྱབ།། སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ།། འཕགས་པའི་དགེ་འདུན་བསམ་མི་ཁྱབ།། བསམ
iiif viewer powered by OpenSeadragon
253b - 254b