e-texts navigator
Collection
Volume
Page
Wylie

24b1 འབྱུང་བར་འགྱུར་ན་ནི། ། དེ་ཚེ་དུ་བ་ཟུང་བ་ཡིས།། སྟོབས་ཆེན་ཐིབ་མའང་མི་སྣང་འགྱུར།། སྔགས་པ་བྱེ་བ་གསུམ་དུ་གསོན།། གནོད་སྦྱིན་རིག་འཛིན་རྣམས་ཀྱིས་མཆོད།། བདེ་བ་ཀུན་དང་རབ་ཏུ་ལྡན།། འདོད་པར་འབྱོར་ཞིང་།
24b2 སྟོབས་ཀྱང་ཆེ།། ཁྲོ་བོ་སྔགས་ཀྱིས་མཐུ་སྟངས་ནས།། གལ་ཏེ་དེ་ནི་ཚེ་གྱུར་ན།། ནང་པར་བཀྲ་ཤིས་བྱས་ནས་སུ།། ལྗགས་ཀྱུ་བཟང་པོ་དེ་ཐོགས་ནས།། བཟླས་ན་བརྒྱ་བྱིན་ལ་སོགས་པའི།། ལྷ་རྣམས་འགུགས་པ་གདོན་མི་ཟ།།
24b3 གནོན་སྦྱིན་རིག་འཛིན་ནམ་དག་དང་།། དེ་བཞིན་ལྟོ་འབྱེ་མི་འམ་ཅི།། ལྷ་མ་ཡིན་གྱི་བུ་མོ་དང་།། དེ་བཞིན་དྲི་ཟའི་བུ་མོ་དང་།། ཡི་དགས་རོ་ལངས་རིགས་རྣམས་དང་།། དེ་བཞིན་གཞན་ཡང་མྱོས་དྲེགས་རྣམས།། བཀུག་ནས
24b4 བདག་གི་ལས་རྣམས་ནི། ། ཇི་ལྟར་འདོད་པ་བྱེད་དུ་གཞུག། གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན།། གྲུབ་པ་ཡི་ནི་རྫས་རྣམས་དང་། གཞན་ཡང་ཡིད་ལ་གང་འདོད་པ།། དེ་དག་ཐམས་ཅད་དེ་ལ་ནི།། ལྷ་དང་གནོད་སྦྱིན་ཚེགས
24b5 ལ་སོགས། ། ཇི་སྙེད་པ་དག་འབུལ་བར་བྱེད།། དེ་ཡི་བཀའ་ནི་ཐམས་ཅད་ཀྱང་།། འཇིགས་པས་ངེས་པར་ཉན་པར་འགྱུར།། ངོ་མཚར་ཀུན་གྱིས་བརྒྱན་པ་ཡི།། དང་གིས་བཞོན་པས་ཡོངས་བསྐོར་ཅིང་།། གནས་དང་སྐྱེད་རྨོ
24b6 ཚལ་མང་པོ། ། ངོ་མཚར་ཀུན་དང་རབ་ལྡན་པ།། ཁྱིམ་དང་སླས་ཀྱི་གནས་རྣམས་དང་།། འཇིག་རྟེན་མ་ལུས་སྟོན་པར་བྱེད།། རྫུ་འཕྲུལ་ཡོན་ཏན་ལོངས་སྤྱོད་ཀྱིས།། བསྒྲུབ་པ་པོ་ནི་དགའ་བར་བྱེད།། ཅི་སྲིད་ལུགས་ཀྱུ་འཆང་བའི་མི
24b7 དེ་ཡི་བཀའ་ཡིས་ངེས་པར་རུ། ། གནོད་སྦྱིན་མ་དག་རང་རང་གི། འདོད་པའི་ལོངས་སྤྱོད་ཉེ་བར་སྦྱོར།། དེ་སྟེ་ལས་ཀྱི་སྐྱོན་དག་གིས།། ཚ་བ་ཙམ་དུ་མ་གྱུར་ནའང་།། ལུགས་ཀྱུ་དེ་ཉིད་འདིར་བཟུང་སྟེ།། ནད་པར་དབེན་པར་འདུག
24b8 ནས་སུ། ། བུ་མོ་གང་གིས་མིང་བཅུག་སྟེ།། ཅི་སྲིད་འདོད་པ་བཟླས་ནས་ནི།། དཔག་ཚད་བརྒྱད་བརྒྱན་གནས་པ།། དེ་ནས་མྱུར་དུ་འོང་བར་འགྱུར།། བུ་མོ་འམ་ཡང་ན་ཁྱེའུ་ཡང་རུང་།། ཅི་ལྟར་འདུག་པ་མྱུར་དུ་འགྲུབ།། མེ་ཏོག




iiif viewer powered by OpenSeadragon

24a - 25a

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud