e-texts navigator
Collection
Volume
Page
Wylie

241a1 བསྲུང་ཞིང་སྐྱོབ་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ།། དགའ་བོ་ཁྱོད་ཀྱིས་འདིའི་རྗེས་སུ་ཡི་རང་ཚེས་བཞིན་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་མཐོང་ཞིང་ཐོས་པར་བྱ
241a2 བའི་ཕྱིར་ཡོངས་སུ་རྒྱས་པར་སྟོན་ཅིག་དང་། བསོད་ནམས་ཚད་མེད་པ་ཐོབ་པར་འགྱུར་རོ།། ཡི་དགས་ཁ་ནས་མེད་འབར་བ་ལ་སྐྱབས་མཛད་པའི་གཟུངས་རྫོགས་སྷོ།། བོད་སྐད་དུ། འཇུར་འགེགས་ཞེས་བྱ
241a3 བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སར་སྣ་ལས་ཆེར་ལྷག་པ། གཞན་གྱི་ལ་འཇུར་འགེགས་བྱས་པའི་ཉེས་པའི་འབྲས་བུ་འདི་ལྟ་སྟེ། འཕགས་པ་ཤཱ་རིའི་བུ་དང་། འཕགས་པ་མོད
241a4 གལ་གྱི་བུ་གཉིས་པས་མཐའ་ཅིག་ན། སོ་སོར་རྟོག་པའི་ཤེས་རབ་ཡིད་ལ་བྱེད་ཅིང་ཡོད་པ་ལས། ཉི་མའི་གུང་ལ་གཉིས་པོས་ཁམས་སད་དུ་མཆིས་པའི་ས་ན་ཡི་དགས་མོ་ལུས་སྡེ་ལ་སྐམ་པ། ཁོག་ཁོག་ཟེར་བ། སྐྲ་འཛིངས་པ། མིག
241a5 དམར་ལ་མི་གཡོན་དུ་ཡོ་བ་མ་མཆུ་རིང་ལ་གཡས་སུ་ཡོ་བ། སྐེ་དང་། རྐང་ལག་ཤིན་དུ་ཕྲལ་རིང་བ། ལག་པ་ཁུ་ཚུར་བསྡམས་པའི་སེན་མོས་ཐ་ཀར་ཐུག་ནས་སེན་མོ་སྔོ་ཟད་དེ་ཡོད་པ།། ཁ་ནས་སྒྲ་རྣམ་པ་ལྔ་སྒྲོགས་པ་ནི་འདི་ལྟ་སྟེ།
241a6 དགོས་ན་ཞེས་བྱ་བ་དང་། མེད་ན་ཞེས་བྱ་བ་དང་། མ་སྦྱིན་ཅིག་ཞེས་བྱ་བ་དང་། སྟེར་ན་ཡང་ཆེ་ཆེས་པར་འོང་ངོ་ཞེས་བྱ་བ་དང་། དེ་ཙམ་ཆེས་ཀྱིས་ཕྲི་ལ་བྱིན་ཞེས་བྱ་བ་དང་། ལྔ་བརྗོད་པ། སྤྱི་ཟིང་བྱེད་པ་ཅིག་དང་ཕྲད་པ་ལས། དེར
241a7 གང་ཟག་གཉིས་པོ་དེས་བསམས་པ། དགོན་པ་བས་གྲོང་ཡུལ་ཐག་ཉེལ་ཟས་མོད་པས་གྲོང་ཁྱེར་དུ་ཕྱིན་ཏེ་བསླངས་པས་དཀར་གསུམ་དང་། མངར་གསུམ་དང་། འབྲས་དང་། ནས་ཀྱི་ཟན་ལ་སོགས་པ་བཟའ་བ་དང་། བཏུང་བ
241a8 མང་དུ་རྙེད་ནས་ཡི་དགས་ཀྱི་དྲུང་དུ་ཁྱེར་ཏེ། ཕྱིན་ནས་བཏབས་པས་མི་ལེན་པར་གོང་གི་སྒྲ་རྣམ་པ་ལྔ་སྒྲོགས་ཤིང་བྲོས་སོ།། དེར་གང་ཟག་གཉིས་པོ་དེས་ཤིན་དུ་མ་དགའ་ནས་ཡི་དགས་མོ་དེའི་སེམས་སུ་སོང་ནས




iiif viewer powered by OpenSeadragon

240b - 241b

Texts on this page

Q356 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs
Q357 - 'jur 'gegs zhes bya ba'i gzungs