| | e-texts navigator
|
240b1 གི་གནོད་པར་བྱེད་མེ་རྣས་པ་དང་། གཞན་ལགཅི་བརྗིད་མ་དམེད་པ་དང་ལྡན་པར་འགྱུར་རོ།། གས་ཏེག་པ་ཞག་ཟས་པ་དང་དྲང་སྲོངས་སྦྱིན་པ་བྱེད་འདདན་འཟས་སོང་ས་ཐག། པསྣོད་གཅག་གནང་དབཀང་སྟེ། གམས་སྔག་སའི
240b2 ལན་བདུན་བཟླས་ཏེ་འབབ་ཆུ་གཙང་མར་གཏོར་ན། དེ་ལྟར་བྱས་པས་ལྷ་རྫས་ཀྱི་ཞལ་ཟས་མཆོག་དམ་པར་འགྱུར་ཏེ། དེས་ན་བྲམ་ཟེ་དང་། དྲང་སྲོང་དེ་དག་ཀྱང་སྔགས་ཀྱིས་བཏབ་པའི་ཟས་ཐོབ་ནས། སྔགས་ཀྱི་བྱིན་གྱིས་སོ
240b3 སོ་ནས་སྔོན་ཆད་ཅི་དང་ཅི་ལ་དགའ་ཞི་དམོས་པའི་དགེ་བའི་རྩ་བའི་བསོད་ནམས་ཡོངས་སུ་འགྱུར་བས། སོ་སོ་ནས་འཐུན་པར་དུས་གཅིག་ཏུ་དེ་ལ་ཚེ་རིང་བ་དང་། མདངས་དང་སྟོབས་སུ་ལྡན་ཏེ་བདེ་ཞིང་སྐྱིད་པར་གྱུར་ཅིག་ཅེས་སྨོན་ལམ
240b4 འདེབས་སོ། ། གཞན་ཡང་མི་དེ་སེམས་བསམ་པ་བཞིན་དུ་མཐོང་ཞིང་ཐོས་པའི་སྒོ་ནས་ཡོངས་སུ་དག་ཅིར་ཤེས་པ་མི་ནོར་བ་དག་ཚངས་པ་ལྷའི་སྤྱོད་པ་མཆོག་དང་ལྡན་ནིང་ཡོངས་སུ་རྫོགས་པར་འགྱུར་རོ།། གཞན་ཡང་སངས་རྒྱས
240b5 བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་མཆོད་པ་བྱས་པའི་བསོད་ནམས་དང་འདྲ་སྟེ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་གནོད་པ་བྱེད་མི་ནུས་པར་འགྱུར་རོ།། གལ་ཏེ་དགེ་སློང་ཕ་དང་། དགེ་སློང་མ
240b6 འམ། ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཞིག་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་བྱེད་པར་འདོད་ན། སྤོས་དང་། མེ་ཏོག་དང་། ཞལ་ཟས་དམ་པ་ལ་གཟུགས་སྔགས་འདི་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ། དཀོན་མཆོག
240b7 གསུམ་ལ་དབུལ་བར་བྱའོ། ། དེ་ནས་རིགས་ཀྱི་བུ་པོ་དང་། རིགས་ཀྱི་བུ་མོ་དེས་ཕུལ་བའི་ཞལ་ཟས་དེས་ལྷ་རྫས་ཀྱི་ཞལ་ཟས་སུ་གྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་བྱས
240b8 པར་འགྱུར་རོ། ། དེས་ན་བསྟོད་པ་དང་། གསོལ་བ་གདབ་པ་དང་། རྗེས་སུ་ཡི་རང་བའི་བསོད་ནམས་དང་ལྡན་པར་འགྱུར་ཏེ། རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་ཤིང་དགོངས་པར་འགྱུར་རོ།། ལྷ་མང་པོས་རྟག་ཏུ
iiif viewer powered by OpenSeadragon
240a - 241a