e-texts navigator
Collection
Volume
Page
Wylie

240a1 ཀཱ་འབྱས་ཀླས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པཀྲ་འབྱམ་ཀླས་ཀྱི་མཚན་ནས་བརྗོད་པའི་བྱིན་གྱིས་རླབས་ཀྱིས་ཡི་དགས་མང་པོ་སྒོམ་པ་གྲངས་ཤིང་ཚིམ་པར་འགྱུར་ཏེ། སྦྱིན་པའི་གནས་ཡིད་བཞིན
240a2 དུ་ཟ་བ་དང་ཆོག་ཅིང་འདྲངས་པར་འགྱུར་རོ། ། དེ་བཞིན་གཤེགས་པ་འཇིགས་པ་དང་བྲལ་བ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་འཇིགས་པ་དང་བྲལ་བའི་མཚན་ནས་བརྗོད་པའི་བྱིན་གྱིས་རླབས་ཀྱིས། ཡི་དགས
240a3 མང་པོའི་འཇིགས་པ་ཐམས་ཅད་དང་བྲལ་ཏེ། ཡི་དགས་ཀྱི་ཁམས་ཐམས་ཅད་ཞི་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།། རིགས་ཀྱི་བུ་ལ་སོགས་པས་དེ་བཞིན་གཤེགས་པ་བཞིའི་མཚན་ནས
240a4 བརྗོད་དེ། བྱིན་གྱིས་བརླབས་པའི་འོག་ཏུ་སེ་གོལ་ལན་གསུམ་བྱས་ཏེ། གཏོར་མའི་སྣོད་བླངས་ནས་ལག་པ་བརྐྱང་སྟེ། ས་གཙང་མར་བླུགས་པར་བྱའོ།། དེ་ལྟར་གཏོར་མ་སྦྱིན་པར་བྱས་ན་ཕྱོགས་བཞི་ནས་ལྷགས་པའི་ཡི
240a5 དགས་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་སོ་སོ་ནས་ཡུལ་དབུས་འགྱུར་ཚལ་གྱི་ཟེ་ཚ་དམས་གཅལ་བའི་ཐེ་བདུན་བདུན་ཐོབ་པར་འགྱུར་རོ། ། ཁ་ཟས་དེ་དག་ཡི་དགས་ཀྱིས་ཡིད་བཞིན་དུ་ཟ་བ་དང་། ཆོ་ག
240a6 འདྲངས་པར་དང་། ཡི་དགས་ཀྱི་ཁམས་སྤོངས་པ་དང་། ཐོ་རིས་ཀྱི་ལྟར་སྐྱེ་བར་འགྱུར་རོ།། དགའ་བོ་གལ་ཏེ་དགེ་སློང་བ་དང་། དགེ་སློང་མ་དང་། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཞིག་རྟག་ཏུ་གཟུངས་འདིས་ཁ་ཟས
240a7 ལ་བསྔགས་ཏེ། ཡི་དགས་ལ་སྦྱིན་པ་བྱིན་ན་བསོད་ནམས་ཆད་མེད་པ་སྙེད་ཡོངས་སུ་རྫོགས་པར་འགྱུར་ཞིང་། དེ་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་སྙེད་ལ་མཆོད་པ་བྱས་པའི་བསད་ནམས་དང་ཁྱད་པར
240a8 མེད་དེ། ཚེ་རིང་བ་དང་། བསོད་ནམས་དང་། མངས་དང་། སྟོབས་སྐྱེ་ཞིང་འཕེལ་བ་དང་། དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་དང་། མི་དང་མི་མ་ཡིན་པ་དང་། གནོད་སྦྱིན་དང་། སྲིན་པ་དང་། ཡི་དགས་མ་རུངས་པ་ཐམས་ཅད་ཀྱིས་ག




iiif viewer powered by OpenSeadragon

239b - 240b

Texts on this page

Q356 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs