e-texts navigator
Collection
Volume
Page
Wylie

23b1 བྱས་ནས། ། ལག་པས་བསྒྲེང་སྟེ་གཟུང་ནས་སུ།། དཔའ་ཤིང་བརྟན་པའི་ཚུལ་དུ་གནས།། ཇི་སྲིད་མ་ལྟར་འབར་གྱུར་བ།། དེ་སྲིད་བློ་དང་ལྡན་པས་བཟླས།། རྩེ་གསུམ་འབར་བ་ཉིད་ཀྱིས་ན།། དེ་ནས་གྱེན་དུ་འབར་བར
23b2 འགྱུར། ། སྔགས་ཀྱི་མཐུ་ཡིས་མིག་གསུམ་ལས།། འོད་ཀྱང་ཉི་མ་བཞིན་དུ་འཐུང་།། རིག་འཛིན་གཞན་རྣམས་ཐམས་ཅད་ཀྱང་།། དེ་ལ་མཆོད་ཅིང་དགའ་བར་བྱེད།། དབང་ཕྱུག་ཀུན་དང་རབ་ཅཝ་ལྡན།། འདོད་པའི
23b3 གཟུགས་ཅན་ཡིད་བཞིན་འགྱུར། ། དེ་སྟེ་རྩེ་གསུམ་དུ་བ་འབྱུང་།། དེ་ནས་ལུས་ནི་མི་སྣང་འགྱུར།། འོན་ཏེ་དེ་ནི་ཚད་གྱུར་ན།། དཔུང་དང་ལྷ་མ་ཡིན་གྱི་གནས།། གཡུལ་ངོ་ཆེན་པོ་ལ་སོགས་པར།། འཇིགས་ཤིང་སྐྲག་པ་སྐྱེད
23b4 བར་བྱེད། ། དེ་ལྟར་དང་པོ་སྒྲུབ་པའི་མཆོག། འདི་ནི་རབ་ཏུ་བཤད་པ་ཡིན།། དེ་ནི་རལ་གྲི་བཟང་པོ་ཡང་།། འདིར་ནི་བསྒྲུབ་པར་རབ་ཏུ་བཤད།། ཨུར་མོའི་ལྕགས་ལས་བྱས་པ་ཡི།། རལ་གྲི་སོར་ནི་སུམ་བཅུ་གཉིས།། ལེགས་པར་བྱས
23b5 ཤིང་ཕན་བྱེད་ལ། ། གླང་པོའི་སོལ་དངོས་བྱས་ལ།། རི་ཡི་རྩེ་མོར་འདུ་གནས་སུ།། མཆོད་པ་ལ་སོགས་སྔོན་བཞིན་བྱ།། བདུག་པའི་སྦྱིན་སྲེག་བྱས་ནས་སུ། རལ་གྲི་ལག་པར་བཟུང་སྟེ་བཟླས།། སྔགས་པའི་ཆང་བས་བཟུང་ནས་ནི།། རབ་ཏུ
23b6 སྡང་བ་འབང་བ་འབྱིན། ། འབར་བ་དེ་ནི་མཐོང་ནས་སུ།། རིག་འཛིན་མཆོག་ཏུ་དེ་འགྱུར་རོ།། དེ། དེ་ལས་དྲ་བ་འབྱུང་།། དེ་ནས་དོན་མི་སྣང་འགྱུར།། ཚ་བར་གྱུར་ན་དེ་བཞིན་དུ།། སྟོབས་ཆེན་རྐང་པ་མགྱོགས་པར་འགྱུར།། ལོ་བནྡྷ
23b7 རབ་ཏུ་ཚང་བར་འཚོ། ། འདི་ལ་རྣམ་པར་སྤྱད་མི་དགོས།། གལ་ཏེ་འདི་ལམ་བརྟེན་ནས།། གྲུབ་པ་ཐོབ་པར་མགྱུར་ན།། རལ་གྲི་བརྩོན་འགྲུས་མཆོག་ལྡན་པས།། གཡུལ་དོར་བྱིན་ནས་ཐམས་ཅད་དུ།། མྱུར་ཞིང་མིང་ལ་ཉོན་མི
23b8 མོངས། ། ཕམ་པ་མེད་པར་སྟོང་ཡང་ཐུབ།། རལ་གྲི་བསྒྲུབ་པ་བཤད་ཟིན་ཏེ།། ད་ནི་བེ་ཅོན་སྒྲུབ་པ་བཤད།། ཀོ་བི་ད་རའི་བེ་ཅོན་ནམ།། ཡང་ན་སེང་ལྡེང་དག་ལས་ནི།། གཤིན་རྗེའི་བེ་ཅོན་ལྟ་བུ་བཟང་།། སོར་ནི་བཞི་བཅུ་གཉིས་པ་བྱ།




iiif viewer powered by OpenSeadragon

23a - 24a

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud